修心八偈 བློ་སྦྱོང་ཚིག་རྐང་བརྒྱད་མ་

From Wikisource
Jump to navigation Jump to search
修心八偈 བློ་སྦྱོང་ཚིག་རྐང་བརྒྱད་མ་正在翻譯 Translating。 歡迎您積極翻譯,改良、修訂與加入新的翻譯版本 You are welcome to actively translate, improve, revise and add new translations.
原文在修心八偈 བློ་སྦྱོང་ཚིག་རྐང་བརྒྱད་མ་。


修心八偈 ༄༅། །བློ་སྦྱོང་ཚིག་བརྒྱད་མ་བཞུགས་སོ། །[edit]

朗日塘巴尊者著Geshe Langri Thangpa (གླང་རི་ཐང་པ། ;wylie: glang ri thang pa) (1054–1123)


བདག་ནི་སེམས་ཅན་ཐམས་ཅད་ལ། །

ཡིད་བཞིན་ནོར་བུ་ལས་ལྷག་པའི། །

དོན་མཆོག་བསྒྲུབ་པའི་བསམ་པ་ཡིས། །

རྟག་ཏུ་གཅེས་པར་འཛིན་པར་ཤོག །

གང་དུ་སུ་དང་འགྲོགས་པའི་ཚེ། ། 

བདག་ཉིད་ཀུན་ལས་དམན་ལྟ་ཞིང་། །

གཞན་ལ་བསམ་པ་ཐག་པ་ཡིས། །

མཆོག་ཏུ་གཅེས་པར་འཛིན་པར་ཤོག །

སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ། །

རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག།

བདག་གཞན་མ་རུངས་བྱེད་པས་ན། །

བཙན་ཐབས་གདོང་ནས་ཟློག་པར་ཤོག །

རང་བཞིན་ངན་པའི་སེམས་ཅན་ནི། །

སྡིག་སྡུག་དྲག་པོས་ནོན་མཐོང་ཚེ། །

རིན་ཆེན་གཏེར་དང་འཕྲད་པ་བཞིན། །

རྙེད་པར་དཀའ་བས་གཅེས་འཛིན་ཤོག །

བདག་ལ་གཞན་གྱིས་ཕྲག་དོག་གིས། །

གཤེ་སྐུར་ལ་སོགས་མི་རིགས་པའི། །

གྱོང་ཁ་རང་གིས་ལེན་པ་དང་། །

རྒྱལ་ཁ་གཞན་ལ་འབུལ་བར་ཤོག །

གང་ལ་བདག་གིས་ཕན་བཏགས་པའི། །

རེ་བ་ཆེ་བ་གང་ཞིག་གིས། །

ཤིན་ཏུ་མི་རིགས་གནོད་ན་ཡང་། །

བཤེས་གཉེན་དམ་པར་བལྟ་བར་ཤོག །

མདོར་ན་དངོས་དང་བརྒྱུད་པ་ཡིས། །

ཕན་བདེ་མ་རྣམས་ཀུན་ལ་འབུལ། །

མ་ཡི་གནོད་དང་སྡུག་བསྔལ་ཀུན། །

གསང་བས་བདག་ལ་ལེན་པར་ཤོག །

དེ་དག་ཀུན་ཀྱང་ཆོས་བརྒྱད་་ཀྱི། །

རྟོག་པའི་དྲི་མས་མ་སྦགས་ཤིང་། །

ཆོས་ཀུན་སྒྱུ་མར་ཤེས་པའི་བློས། །

ཞེན་མེད་འཆིང་བ་ལས་གྲོལ་ཤོག།

དགེ་བཤེས་ཆེན་པོ་གླང་རི་ཐང་པས་མཛད་པའོ། །