跳转到内容

དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས།

来自Wikisource
དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས།
168358དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས།

P.T. 1288

1 ......འཁུས་ནས། སྀྙང་དྲུང:

2 ......པའ། མཐའ་དག:བྱང:

3 ......(ཞང་)སྣང:གློ་བ་རིངས་ནས། ཁོ་ནའྀ་:པ་བྲན་ཙབ:གྱྀམ་པོ:

4 ......བཀྱོན་ཕབ་ནས:བཀུམོ། མཁར:སྔུར་བ:བཤྀག་གོ།

5 ......། བཙན་པོ:གྲྀ་སྲོང་རྩན་གྱྀས། ཤུལད:བྱང་ལམ:དུ:པྱུང་སྟེ། འ་ཞ་དང:རྒྱ་ལའ་

6 ......དང:འ་ཞ་གཉྀས:གྱིས:དཔྱའ:གཅལཏོ།

7 ......ནའ། བཙན་པོ:གཅེན:སྲོང་རྩན:དྔ། གཅུང:བཙན་སྲོང་གཉྀས:ནོལད་ནས། གཅུང་

8 ......ཏ:མཁའས:སྲེགས:འཁུསྟེ། མཉལད་གྱྀ་གཟེན་དུ། གཅུང་བཙན་སྲོང་། ཞུགསུ

9 ......པོ།

10 ......བཙན་མོ:མུན་ཆང:ཀོང་ཅོ། མགར:སྟོང་རྩན་ཡུལ་ཟུང་གྱྀས:སྤྱན་དྲངསྟེ:བོད་ཡུལ

11 དུ:གཤེགསོ། བལ:པོ:ཡུ:སྣ:ཀུག་ཏྀ་བཀུམ། ན་རྀ་བ་བ:རྒྱལ་ཕོར:བཆུག། གནག:ནད:ཆེན་པོ:བྱུང། ༎

12 དེ་ནས:ལོ:གསུམ:ན། བཙན:པོ:ཁྲྀ་སྲོང་རྩན་གྱྀ:རིང་ལའ། ལྀག:སྙ:ཤུར:བརླག་སྟེ:ཞང་ཞུང:ཐཾས

13 ཅད:འབངསུ:བཀུག:སྟེ:མངའོ།

14 དེ་ནས:ལོ་དྲུག་ནའ། བཙན:པོ:ཁྲྀ་སྲོང་རྩན:དགུང་དུ་གཤེགསོ། བཙན་མོ:མུན་ཅང་ཀོང་ཅོ:དང:

15 དགུང་ལོ:གསུམ་བཤོས་སོ

1-16 ༇ ཁྱྀའི་ལོ་ལ་བབ་སྟེ། བཙན་པོ:མྱེས:ཁྲྀ་སྲོང་རྩན:གྱྀ་སྤུར:ཕྱྀང་བའྀ་རིང་ཁང:ནའ:རྀང:མཁྱུད་ཆྀང:

17 བཞུགསྟེ། བཙན་པོ:སྦོན:ཁྲྀ་མང་སློན:མང་རྩན་མེར་ཀེ་ན་བཞུགས་ཕར:ལོ་གཅིག།

2-18 ༇ ཕགི་ལོ་ལ་བབ་སྟེ། བཙན་པོ:ཉེན་ཀར་ན་བཞུགས་ཤྀང། ཕྱིང་བར། བཙན་ཕོ:མྱེས:ཁྲྀ:སྲོང་རྩན:གྱྀ:

19 མདའད:བཏང་བར:ལོ:གཅིག།

3-20 ༇ བྱྀ་བའྀ་ལོ་ལ་བབ་སྟེ། བཙན་པོ་ཉེན་ཀར་ན་བཞུགས་ཤྀང། བློན་ཆེ་སྟོང་རྩན་གྱིས:གློ:བོ:དང་རྩང་རྷྱའ་

21 བཀུག:ཕར:ལོ:གཅྀག།

4-22 ༇ གླང་གྀ་ལོ་ལ:བབ་སྟེའ། བཙན་པོ་ཉེན་ཀར་ན་བཞུགས་ཤྀང། བློན་ཆེ་སྟོང་རྩན་གྱིས། གཡུག་ཏུ:

23 གནག་ལྀངས:བཏབ། ད་རྒྱལ:མང་པོ་རྗེས:ཞིང་གྱྀ་ཕྱིང་རིལ:བགྱྀས། ར་སང་རྗེའི:བློན:རིད:སྟག་རྷྱ་དང:

24 ཞྀང་གྱྀ་ཚོང་ཆེན:སྦྱརད། ཞང་ཞུང་ཡུལ:གྱྀ་མངན་དུ:སྤུག:གྱྀམ་རྩན་རྨ:ཆུང་བཆུག། མདོ་སྨདུ:ཀམ:ཁྲྀ་

25 བཟང:བྱེ་འདའ:ཐོང་མྱིས:བཀུམ:སྟེ་ཤ་གཉརད་(གཉེརད)ཕར:ལོ་གཆྀག།

5-26 ༇ སྟགི་ལོ་ལ་བབ་སྟེ། བཙན་ཕོ:མེར:ཁེ་ནའ་བཞུགས་ཤྀང། བློན་ཆེ:སྟོང་རྩན:གྱིས། མོང་པུ:སྲལ:འཛོང་དུའ:

27 བསྡུསྟེ། རྒོད་གཡུང:དབྱེ་ཞིང། མཁོ་ཤམ:ཆེན་ཕོ:བགྱྀ་བའྀ་རྩིས:མགོ:བགྱྀ་བར:ལོ་གཆྀག།

6-28 ༇ ཡོས་བུའི་ལོ་ལ་བབ་སྟེའ། བཙན་པོ་མེར་ཁེ་ན་བཞུགས་ཤིང། བློན་ཆེ་སྟོང་རྩན་གྱྀས། འགོར་ཏྀར། བཀའ།

29 གྲྀམས:གྱྀ་ཡི་གེ:བྲྀས་ཕར:ལོ་གཆིག།

7-30 ༇ འབྲུགྀ་ལོ་ལ་བབ་སྟེ། བཙན་པོ་མེར་ཀེ་བཞུགས་ཤྀང། བློན་ཆེ:སྟོང་རྩན་གྱྀས། གཙམ་གྱི་ཡུལ:མར་དུའ་ཤ་

31 ལྀངས:ཆེན:ཕོ་བཏབ:ཕར:ལོ་གཆྀག།

8-32 ༇ སྦྲུལ་གྱྀ་ལོ་ལ། བཙན་པོ་མེར་ཀེ་ན་བཞུགས་ཤྀང། བློན་ཅེ་སྟོང་རྩན། དབྱར:སྙྔྀ་དྲུང་གྱྀ་གཡེ:ཐལ:བ་གྔོ་ན་མ་ཆྀས་ཕར:

33 ལོ:གཅིག།

9-34 ༇ རྟའྀ་ལོ་ལ། བཙན་པོ་མེར་ཀེན་བཞུགས་ཤྀང། བློན་ཆེ་སྟོང་རྩན་སྙྀང་དྲུང་གྱྀ་སྣ་རིངས་ན་མཆྀས་པར:ལོ་ཆིག།

10-35 ༇ ལུགྀ་ལོ་ལའ་བབ་སྟེ། བཙན་པོ་སྤྲགས་གྱྀ་ཤ་ར་ན:བཞུགས་ཤྀང། བློན་ཆེ་སྟོང་རྩན་འ་ཞ་ཡུལ་ན་མཆྀསྟེ:

36 ད་རྒྱལ་མང་པོ་རྗེས། མཚོ་ནག:སྟོང་རུར། རྒྱ་སེའུ:དེན་པང་དྔ། ནོལ:ཐབས:བགྱྀསྟེ། ད་རྒྱལ་གྱང་གུམ་ཞིང:

37 བརྒྱད:ཁྲྀ་སྟོང་ལ:རྡུགས་ཕར:ལོ་གཅིག།

11-38 ༇ སྤྲེའུ་ལོ་ལ། བཙན་པོ:མལ་ཏྲཽ་སྐེ་བྱེ་ན་བཞུགས། ཤྀང:བློན་ཆེ་སྟོང་རྩན་འ་ཞ་ཡུལ་ན་མཆྀས་ཕར་ལོ་གཆིག:

12-39 ༇ བྱ་གགྀ་ལོ་ལ། བཙན་པོ་མེར་ཀེ་ན་བཞུགས་ཤྀང། བློན་ཆེ་སྟོང་རྩན:འ་ཞ་ཡུལ་ན་མཆྀས་ཕར:ལོ་གཆིག།

13-40 ༇ ཁྱྀའི་ལོ་ལ། བཙན:པོ:རྐོང་གཡུག་དུ:འགོརད:མཛད་ཆྀང། བློན་ཆེ་སྟོང་རྩན་གྱིལ། དུ་གུལ:དུ:ཞང་ཞུང་གྱི་

41 མཁོས:བགྱྀས:ཕར:ལོ:གཆྀག།

14-42 ༇ ཕགྀ་ལོ་ལ། བཙན་པོ:སྣམ་སྟོང་ན་བཞུགས་ཤྀང། བློན་ཆེ་སྟོང་རྩན་འ་ཞ་ཡུལ་ན་མཆིས་ཕར་ལོ་ཆྀག།

15-43 ༇ བྱྀ་བའྀ་ལོ་ལ། བཙན་པོ:བྱང་རོལདུ་གཤེགས་ཤྀང། བློན་ཆེ་སྟོང་རྩན:འ་ཞ་ཡུལ་ན་མཆྀས་པར:ལོ་ཆིག།

16-44 ༇ གླང་གྱྀ་ལོ་ལ། བཙན་པོ:ཟྲིད་ཀྱི་ལྡུ་ནག་ན་བཞུགས་ཤྀང། བློན་ཆེ་སྟོང་རྩན་འ་ཞ་ཡུལ་ན་མཆྀས་པར་ལོ་ཆིག།

17-45 ༇ སྟགྀ་ལོ་ལ་བབ་སྟེ། བཙན་པོ:ཟྲིད་གྱི་ལྡུ་ནག་སླད་མ་ན་བཞུགས་ཤྀང། བློན་ཆེ་སྟོང་རྩན:འ་ཞ་ཡུལ་ནས:སླར

46 འཁོརད་ཏེ། ཟྲིད་མདའར:ཐོང་མྱིག:བྱུང་བར:ལོ་གཆྀག།

18-47 ༇ ཡོས་བུའྀ་ལོ་ལ། བཙན་པོ:འོར་མང་དུ་གཤེགསྟེ། བློན་ཆེ་སྟོང་རྩན་རྀས་པུར་གུམ་བར:ལོ:གཆྀག།

19-48 ༇ འབྲུགྀ་ལོ་ལ། བཙན་པོ:སྤྲགས:གྱྀ་ཤ་ར་ན་བཞུགས་ཅྀང། ཇྀ་མ་ཁོལ་དུ་དགྲ་བཞེར་བརྩྀགས་པར་ལོ་ཆིག།

20-49 ༇ སྦྲུལ:གྱྀ་ལོ་ལ། བཙན་པོ:ཟྲིད་གྱི་ལྡུ་ནག་ན་བཞུགས་ཤྀང། འ་ཞ་མྔ་པོ:པྱག་འཙལཏེ:གཏེའུ་བསྡུས་པར་ལོ་ཆྀག།

21-50 ༇ རྟའྀ་ལོ་ལའ། བཙན་པོ:འོ་དང་ན་བཞུགས་ཤྀང། ཇྀ་མ་ཁོལ་དུ:རྒྱ་མང་པོ:བཏུངས་ཕར:ལོ:གཆིག།

22-51 ༇ ལུགྀ་ལོ་ལ་བབ:སྟེ:བཙན་ཕོ:དབྱརད:ལྟམ:གྱྀ:ར་སྔོན་ན་བཞུགསྟེ། དགུན་ཉ་མངས་ཚལ:དུ་གཤེགས

I.O.750

2 ཤྀང། བཙན་མོ:སྙ་མོ་སྟེངས་སྙ་ཤུར:སྤུངས:རྱེ་རྒྱུག་ལ:བག་མར་གཤེགས:པར:ལོ་གཆྀག།

23-3 སྤྲེའུ་ལོ་བབ་སྟེ། བཙན་པོ:དབྱརད:ཤངས་གྱྀ:སུམ་ཆུ་བོ་ན་བཞུགས:ཅྀང། དགུན:ནམ་ཙེ:གླྀང་དུ:

4 གཤེགསྟེ། ནད:འབྲུམ:བུས:བསྙེངས:པར:ལོ་གཆྀག།

24-5 ༇ བྱ་གགྀ་ལོ་ལའ:བཙན་པོ:དབྱར་སྟོད:ཕོ་དམ:མདོ་ན་བཞུགས་ཤྀང། དབྱར:སྨད་སུམ་ཆུ་བོར:སྤོསྟེ།

6 འདུན་མ་འདོང་ཀའྀ:ནེ་ཙོ་ལུང་དུ:མཁར:བཙན་སྙ:ལྡོམ:བུ:དྔ། ཁྲྀ་འབྲྀང:བཙན:བྲོད་གཉྀས:གྱིས:བསྡུསྟེ:

7 འབྲོག་མཁོས:ཆེན་པོ:བགྱིས། དགུན་ཕོ་བྲང:ཤངས:གྱྀ་རབ་ཀ:ཙལ་དུ་གཤེགས་ཤྀང། འདུན་མ:དུངས:

8 གྱྀ་སྟག་ཙལ:དུ་བསྡུསྟེ། མུན་མགྀ་རྐང་ཏོན་བགྱྀས། ཕ་ལོས:བཀུག་པར:ལོ་གཅིག།

25-9 ༇ ཁྱྀ་ལོ་ལ་བབ་སྟེ། བཙན་པོ:དབྱརད:ཟྲྀད་ན་བཞུགས་ཤྀང། ལྕོག་ལ:ལོག་པ:དྔ། དགུན་ཚང་བང་སྣར། གཤེ

10 གསྟེ(གཤེགསྟེ)འདུན་མ:གླག་གྀ་པུ་ཅུང་དུ:འདུསྟེ། ཞུགས:ལོང:དམར་ཕོ་བརྩྀས:པར:ལོ་གཅིག།

26-11 ༇ ཕགྀ་ལོ་ལ་བབ་སྟེ། བཙན་པོ་དཔྱིད:ཞེ་ཤིང་དུ་གཤེགསྟེ། བཙན་མོ:ཁྲྀ་མོ་ལན་གྱྀས། སྟོན་མོ:ཆེན་པོ

12 གསོལད། འབོན་ད་རྒྱལ:ཁྲྀ་ཟུང་གྱྀས། གསེར་ཟངས་ཆེན་པོ:གསོལད་ཕ:དྔ། དབྱརད:བལ་པོ་ན་བཞུགས

13 ཤྀང། བློན་བཙན་སྙས། ཞྀམས:གྱྀ་གུ:རནདུ:ཞང་ཞུང་གྱྀ་མཁོས:བགྱྀསྟེ། དྲུ་གུ:ཡུལ་དུ:ལྟང་ཡོར་མཆྀས

14 དགུན:བཙན་ཕོ:འོན་གྱྀ་སྣ་བོ་ན་བཞུགས:པར:ལོ་གཆྀག།

27-15 ༇ བྱྀ་བའྀ་ལོ་ལ:བབ་སྟེ། དབྱརད:བཙན་ཕོ:སྤྲགས:གྱྀ་ཤ་ར་ན་བཞུགས་ཤྀང། དགུན་ཚང་བང་སྣ་ནས། ཁྲྀ་

16 མང:སློན་དགུང་དུ་གཤེགས། བཙན་ཕོ:སྲས:ཁྲྀ:འདུས་སྲོང། སྒྲེགས་གྱྀ་ལྷ་ལུང་དུ་བལྟམ། བློན་བཙན་

17 སྙས:དྲུ་གུ་ཡུལ:དུ་དྲངསྟེ། ལྡུམ་བུ:ཁྲྀ་བཤོས:ཁྲོམ་འཙལད་པར:ལོ་གཆིག།

28-18 ༇ གླང་གྀ་ལོ་ལ། བཙན་པོ:ཡབ་གྱི:སྤུར:བ་ལམ་ན་མཁྱྀད་ཅིང་བཞུགསྟེ། རྱེ་ཤྀན:ཁུ:བུལ་བུ:དྔ:ལྕོག་ལ:རྀང་

19 ཙུག་སྐོར:དྔ་གཉྀས། གློ་བ་རྀངསྟེ། ཞང་ཞུང་ལོག་ཅྀང:བཙན:པོ:ཁྲྀ་འདུས:སྲོང་ཉེན་ཀར་ན་བཞུགས:པར་ལོ་ཆིག།

29-20 ༇ སྟགྀ་ལོ་ལ:བབསྟེ། བཙན་པོ:ཡབ་གྱྀ་རིང། བ་ལམ:ན:མཁྱིད་ཅིང་བཞུགསྟེ། དགུན་སྟོད་འདུན་མ:གླགྀ

21 རྱུ་བྱེར:འདུས། དགུན་སྨད:མངན:དུ་འདུསྟེ། ར་སང་རྗེ:སྤུང་རྱེ་རྱུང་དྔ། ཁུ:ཁྲྀ་སྙ:དགྲུ་ཟུང་ལ:བཀྱོན་བབ་

22 སྟེ། བཙན་ཕོ:ཉེན་ཀར་ན་བཞུགས་ཤྀང། ཡབ:བཏོལ:བར:ལོ་གཆྀག།

30-23 ༇ ཡོས་བུའྀ་ལོ་ལ། བཙན:པོ:ཉེན་ཀར་ན་བཞུགས་ཤྀང། པྱིང་བར:བཙན་ཕོ:ཡབ་གྱྀ་མདད་བཏང་བར་ལོ་ཅིག།

31-24 ༇ འབྲུགྀ་ལོ་ལ། བཙན་པོ:ཉེན་ཀར་ན་བཞུགས་ཤྀང། བློན་ཁྲྀ་འབྲིང་གྱྀས:རུ་རིངསུ:བསྡུསྟེ། ཁུ་བང་ར་སང་

25 རྗེའྀ་ནོར་བརྩྀས། བློན་ཆེན་ཕོ་བཙན་སྙས། སྤུགས:གྱྀ་མུར་གས་སུ:བསྡུསྟེ། དགུན་འདུན་བ་བམས:

26 གྱྀ:གཡག་རུ:ཐང་དུ:བློན་ཆེན་པོ:བཙན་སྙ:དང། བློན་ཁྲྀ་འབྲིང་གཉྀས་གྱིས:བསྡུས་པར་ལོ་གཆྀག།

32-27 ༇ སྦྲུལ:གྱྀ་ལོ་ལ་བབ་སྟེ། བཙན་པོ་ཉེན་ཁར་ན་བཞུགས་ཤིང། དབྱརད:བློན་ཆེན:ཕོ:བཙན་སྙས:འདུན་མ:ཟྲིད་མདར:

28 བསྡུསྟེ། གནུབས་མང་ཉེན:བཞྀ་བརྩན་དྔ། མགར:མང་ཉེན་སྟག་ཙབ:གཉྀས། བོག་ལ་ནས:མས:བྱུང་སྟེ། འདུན

29 མའ་རྒྱས:གྱྀ་ལུང་རྀངས:སྡུ:བསྡུས:ཕར:ལོ་གཆྀག།

33-30 ༇ རྟའྀ་ལོ་ལ་བབ་སྟེ། བཙན:པོ:ཉེན་ཀར་ན་བཞུགས་ཤྀང། བློན་ཆེན་ཕོ:བཙན་སྙས། འདུན་མ:སྒྱོག་རམ:དུའ:

31 བསྡསྟེ། དགུན:མང་ཉེན་བཞྀ་བརྩན་དྔ། མང་ཞམ:སྟག་ཙབ:གཉིས་གྱྀས། འདུན་མ:རྟེའུ་མཁར་དུ་བསྡུསྟེ

32 བྲུང་པ:ལྷོ་འབྲྀང་པོ་རྒྱལ:སུམ:སྲེགས:གྱྀས། ཉེན་ཀར་དུ་འབུལ:སྐྱེམས:གསོལད་ཕར:ལོ་གཅིག།

34-33 ལུགྀ་ལོ་ལ་བབ་སྟེ། བཙན་པོ:ཉེན་ཀར་ན་བཞུགས་ཤྀང། བློན་ཆེན་ཕོ་བཙན་སྙས། སྤྲགས:གྱྀ་མུར:

34 གས:སུ། བསྡུས། དགུན:བཙན:མོ:མུན་ཅང་ཀོང་ཅོའི:མདད:བཏང:བར:ལོ་གཆིག།

35-35 ༇ སྤྲེའུ་ལོ་ལ་བབ་སྟེ། བཙན་པོ་ཉེན་ཀར་ན་བཞུགས་ཤྀང། བློན་ཆེ:བཙན་སྙས། འདུན་མ:དབུ་རུ་ཤོད་གྱྀ་རེ་

36 སྐམ:དུ་བསྡུསྟེ། ཁུ:འདུས:ཙན:དྔ:རྔེགས:ཁྱྀ་མ་རེ་དྔ། འ་ཞ་གསུམ:མཆིད་ཤགས་འཚལ:ཞིང། གནག:

37 ནད:ཆེན་ཕོ:བྱུང་སྟེ། ཁྲྀ་བོམས:སུ། གོར་ཤའྀ:ལྟོང་བརྒྱུས་ནས། དགུན་འདུན་ཤངས:ཀྱྀ་རབ་ཁ་ཚལ་དུའ

38 འདུས་ནས། རྩང་ཆེན་གྱྀ་མངན་བཞྀ་ལས། གཉིས:སུ:བཅོས་ཕར:ལོ་གཆིག།

36-39 ༇ བྱ་གགྀ་ལོ་ལ་བབ་སྟེ། བཙན་པོ:ཉེན་ཀར་ན་བཞུགས་ཤྀང། བློན་ཆེན་པོ:བཙན་སྙ:དང། མང་ཉེན་སྟག་

40 ཙབ:གཉྀས། དམེའ:བྱུང། ཤངས:གྱྀ་སུམ་ཆུ་བོར། བློན་ཆེན་ཕོ་བཙན་སྙ:གུམ། བང་མོ:བང་ཀར་དུ:བློན་ཁྲྀ

41 འབྲྀང་བཙན་བྲོད་བློན། ཆེན་ཕོར་བཚུག(བཆུག)། བློན:ཁྲྀ་འབྲྀང་གྱིས། དགུན:གླགྀ་པུ་ཆུང་དུ་བསྡུསྟེ། བཙན་པོ:ཁྲྀ

42 འདུ་སྲོང་དུ་མཚན་གསོལད། སྣོམ:བུ:པས:དུག་མ:མང་པོ:བཟུང་ནས:བཀུམ་བར:ལོ་གཆིག།

37-43 ༇ ཁྱྀའི་ལོ་ལ་བབ་སྟེ། བཙན་པོ་ཉེན་ཀར་ན་བཞུགས་ཤྀང། བློན:ཁྲྀ་འབྲིང་གྱྀས། དྲུ་གུ:ཡུལ་དུ:དྲང་ཞེས:བགྱྀ

44 བགྱྀ་བ་ལས། ཕྱྀ་དལཏེ། དབྱར:འདུན་ཤོང་སྣར:འདུས། དགུན་བྲ་མ་ཐང་དུ:འདུསྟེ། ཤངས:མན་ཆད་དུ:

45 ཞྀང་གྱྀ་ཕྱིང་རྀལད:བཏབ:ཕར:ལོ་གཅིག།

38-46 ༇ ཕགྀ་ལོ་ལ:བབ་སྟེ། བཙན་པོ་ཉེན་ཀར་ན་བཞུགས་ཤྀང། བློན་ཁྲྀ་འབྲྀང་གྱིས། དྲུ་གུ:གུ་ཟན་ཡུལ:དུ་དྲངས། དགུན:

47 རྩང་ཆེན་གྱྀ་ཕྱིང་རྀལད་བཏབ། འབོན་ད་རྒྱལ:ཁྲྀ་ཟུང་དྔ། གནུབས:མང་ཉེན་བཞྀ་བརྩན་དང། མགར་སྟ་གུ:རི:

48 ཟུང་གསུམ:གྱྀས། བཟང་སུམ་ཙལ་དུ་བསྡུསྟེ། རྩང་ཆེན་གྱྀ་ལོག་ཕོ:དང་ཕོ་བཙུད་པར:ལོ་གཆྀག།

39-49 ༇ བྱྀ་བའྀ་ལོ་ལ་བབ་སྟེ། བཙན་པོ་ཉེན་ཀར་ན་བཞུགས་ཤྀང། དབྱར:འདུན:ཟུ་སྤུག་དུ:འདུས། དགུན:དབོན་ད་རྒྱལ

50 ཁྲྀ་ཟུང་གྱྀས། ཞོགས:གྱྀ་ཚུར་ལུང་དུ་བསྡུས། བཙན་མོ:ཁྲྀ་མོ་སྟེངས:དགས:ཡུལ་དུ་ཆབ:སྲྀད་ལ་གཤེགས་པར་ལོ་ཆྀག

40-51 ༇ གླང་གྱྀ་ལོ་ལ་བབ་སྟེ། བཙན་པོ་ཉེན་ཀར་གྱྀ་ཐང་བུ་ར་ན་བཞུགས་ཤྀང། བཙན་མོ:ཁྲྀ་བངས། འ་ཞ་རྗེ་ལ:བག་མར:

52 གཤེགས། བློན་ཆེ་ཁྲྀ་འབྲྀང་དྲུ་གུ་ཡུལ་ནས:སླར:འཁོརཏེ། དགུན་འདུན་ཕུལ་པཽ་ཉ་ཤ་ཚལ་དུ་འདུས་པར་ལོ་ཆིག།

41-53 ༇ སྟགྀ་ལོ་ལ་བབ་སྟེ། དབྱརད་བཙན་པོ:བལ་པོ་བཞུགས་ཤྀང། བློན་ཆེ་ཁྲྀ་འབྲིང་གྱིས:འོ་ཡུགྀ་ཚ་སྟེངསུ་མུན

54 མགྀ:རྩིས:མགོ:བགྱྀས::ཕདྔ། དགུན:བཙན་ཕོ:འོན་གྱྀ་འ་ག་ཙལ་ན་བཞུགས་ཤྀང། དབོན་ད་རྒྱལ:དྔ་བློན་ཆེ:ཁྲྀ་

55 འབྲྀང་:གྱིས། རྩང་གྱྀ་གླིང་ཀར་ཚལ་དུ་བསྡུསྟེ། རྩང་ཆེན་ཕའྀ་ཁྲམ:དམར་པོ་བཏབ་ཕ་དྔ། མགར:འབྲྀང་རྩན། རྩང་

56 རྟོན་དྔ། པ་ཙབ:རྒྱལ་ཙན་ཐོམ:པོ:གཉྀས:གྱིས། གཡོ་རུའྀ་ཞིང་གྱི་ཕྱྀང་རིལ་བཏབ་ཕར:ལོ་གཆྀག།

42-57 ༇ ཡོས་བུའྀ་ལོ་ལ་བབ་སྟེ། བཙན་པོ་ཉེན་ཀར་ན་བཞུགས་ཤྀང། དབྱར་འདུན:སྲེའུ་གཞུག་དུ:འདུས:པ་ལས།

58 ལྷ་གཤེགས་ནས། ཁྲ་སྣར་འཕོསྟེ། ཕྱྀང་རིལད་དྔ། རབས་ཅད:གྱྀ་རྩིས:བགྱྀས། དགུན་སྐྱྀ་བྲ་མ་ཏང་དུ་འདུསྟེ།

59 ཞུགས་ལོང་དམར་པཽ:རྐང་ཏོན་བགྱྀས་པར་ལོ་གཆྀག།

43-60 ༇ འབྲུགྀ་ལོ་ལ་བབ་སྟེ། བཙན་པོ་ཉེན་ཀར་ན་བཞུགས་ཤྀང། དབྱར་འདུན་ཤོང་སྣར་འདུསྟེ། མངན་ཆེན་པོ:

61 དྲུག་དུ:བསྐོས། དགུན་འདུན་སྐྱྀ་གླིང་རྀངས:ཙལ་དུ་འདུསྟེ། ཁྲམ་དམར་པོ་བཏབ། མདོ་སྨད་གྱྀ་དགུན་འདུན:

62 རྒྱམ་ཤྀ་གར་དུ་འདུསྟེ། སུམ་པའྀ་ཤོ་ཚིགས:བཟུང་བར:ལོ་གཅིག།

44-63 སྦྲུལ་གྱྀ་ལོ་ལ། བཙན་པོ་ཉེན་ཀར་ན་བཞུགས་ཤྀང། དབྱརད་དུངསྐྱྀ་སྟག་ཙལ་དུ་འདུསྟེ། ལྔ་བརྒྱ་ཆེན་པོ་བསྐོས།

64 དགུན་བཟང་སུམ་ཙལ་དུ་འདུསྟེ། རྩང་ཅེན་པཽ་འབྲོག:བསྐོས་ནས། བློན་ཆེ་ཁྲྀ་འབྲྀང་འ་ཞ་ཡུལ་དུ་མཅྀས་པར་ལོ་ཆིག།

45-65 ༇ རྟའྀ་ལོ་ལ། བཙན་པོ:མལ་དྲཽ་བརྫེན་ཏང་ན་བཞུགས་ཤྀང། བློན་མང་ཉེན:བཞྀ་བརྩན་གྱིས་འདུན་མ:ཟུ་སྤུགྀ་ཞོན་

66 བར་བསྡུས་ཤྀང། མགར་སྟ་གུ་སོག་དགྀས:བཟུང། དགུན་བཙན་པོ་རེའུ་ཙལ་ན་བཞུགས་ཤྀང། ཏོན་ཡ་བགོ:ཁ་གན:

67 པྱག་འཙལད། འདུན་མ:གླགྀ་ཕུ་ཆུང་དུ:འབོན་ད་རྒྱལ:དྔ། མང་ཉེན་བཞྀ་བརྩན་གྱྀས་བསྡུསྟེ། ད་རྒྱལ:གུཾ་བར་ལོ་ཆིག

46-68 ༇ ལུགི་ལོ་ལ། བཙན་པོ:དབྱརད་བལ:པོ་ན་བཞུགས་ཤིང། འདུན་མ་དྲའྀ་གྲོ་པུར་འདུས་པ་ལས། མགར་བཙན་ཉེན་

69 གུང་རྟོན་གློ་བ་རྀངསྟེ:བཙན་པོ:ལྟམ་དུ་གཤེགས། དགུན་བཙན་པོ་བྲག་མར་དུ་གཤེགས། ཤ་ཙལ་དུ:མགར་གུང:

70 རྟོན་གྱྀ་ཞལ་ཅེ:དབྱངས་ནས། ཉེན་ཀར:ལྕང་བུར:བཙན་པཽ:བཀས:བཅདེ། གུང་རྟོན་བཀུམ། བློན་ཆེ་ཁྲི་འབྲིང་

71 འ་ཞ་ཡུལ་དུ་མཅྀལ་ཤིང། སྟག་ལ:རྒྱ་དུར་དུ་རྒྱའྀ་དམག་པོན་འྭང་ཞྔ་ཤོ་དྔ་གཡུལ་སྤྲདེ་རྒྱ་མྔ་པོ་བཀུཾ་བར་ལོ་ཆིག།

47-72 སྤྲེའུ་ལོ་ལ། བཙན་པོ:ཟྲྀད་མདའ་ན་བཞུགས་ཤྀང། བློན་ཅེ་ཁྲྀ་འབྲྀང་གྱིས། འ་ཞ་ཡུལ་གྱྀ་སིལ་གུ་ཅྀན:གྱི་འོ་ཀོལ་དུ:

73 འ་ཞའྀ་མཁོས:བགྱྀས། དགུན་འོ་བར་ཚལ་དུ་མྔ་ཉེན་བཞྀ་བརྩན་གྱྀས:བསྡུསྟེ། བཙན་མོ་མྔ་མོ་རྗེ་ལས:མྱྀ་མྔ་པོ་བཀུག་ལོ་ཅྀག

48-74 ༇ བྱ་གག་ལོ་ལ་བབ་སྟེ། བཙན་པོ:བལ་པོ་ན་བཞུགས་ཤྀང། ཅེ་དོག་པན་གྱྀ་པོ་ཉ་ཕྱག་འཙལད། དགུན་ཕོ་བྲང:

75 བྲག་མར་གྱྀ་ཙལ་ཀ་ན་བཞུགས་ཤྀང། འདུན་མ:འོན་གྱྀ་འ་ག་ཙལ་ན་བཞུགས་པར་ལོ་གཆྀག།

49-76 ༇ ཁྲྀ་ལོ་ལ་བབ་སྟེ། བཙན་པོ:དབྱརད་བྱང་རོལདུ་གཤེགས། དགུན་བློན་ཆེན་ཕོ:ཁྲྀ་འབྲིང་གྱྀས། ཙོང་ཀ་ཆེ་ཆུང་དུ་དྲངསྟེ།

77 རྒྱའྀ་དམག་པོན་ཆེན་པོ:ཐུག:པུ་ཤི་བཟུང། དེའི:དགུན་མགར་ལ:བཀྱོན་ཕབ་སྟེ:བཙན་པོ:ཕར་དུ་གཤེགས་པར་ཆིག།

50-78 ༇ ཕགི་ལོ་ལ་བབ་སྟེ། བཙན་པོ:དབྱརད་ཕར་ནས་བལ་ཕཽ:བྲིའུ་ཏང་དུ་གཤེགས་ཤྀང། རྒྱའྀ:ཕོ་ཉ་ཇེའུ་ཞང་ཤོ:པྱག་

79 འཙལད། དགུན་བཙན་ཕོ:དོལད་གྱྀ་མར་མ་ན་བཞུགས་ཤྀང། གློ་བ་ཉེ་བ་ཡིག་གཙང་དང་བྱ་སྒ:སྩལད། ཏོན་

80 ཡ་བགོ:ཁ་གན་ཕྱག་འཙལད། སྒྲེགས:གྱྀ་བྱ་ཙལ་དུ་བཀྱོན་བབ་གྱྀ་ནོར་བརྩྀས་པར་ལོ་གཆིག།

51-81 ༇ བྱྀ་བའྀ་ལོ་ལ་བབ་སྟེ། བཙན་པོ:དབྱརད་མོང་ཀར་ནས:ཆབ་སྲྀད་ལ:ཤ་གུ:ཉྀང:སུམ:ཁོལ་དུ་གཤེགས་ཤྀང།

82 ཏོན་ཡ་བགོ:ཁ་གན:དྲུ་གུ་ཡུལ་དུ་བཏང། སྟོན་བཙན་ཕོ་གཤེགསྟེ:ག་ཆུར་དྲངས། དགུན་བཙན་པཽ:ཕོ་བྲང་

83 རྨ་བྱ་ཙལ་ན་བཞུགས། ཡུམ:ཁྲྀ་མ་ལོད:འོན་ཅང་དོ་ན་བཞུགས་ཤྀང། འབའ:ད:ཤྀ་ཕྱག་འཙལད་པར་ལོ་ཆིག།

52-84 ༇ གླང་གྱྀ་ལོ་ལ་བབ་སྟེ། བཙན་པོ:དབྱརད:གསེར་ཞ་ན་བཞུགས་ཤྀང། ཟོང་ཅུ་དང:ཐེའུ་ཆུར་དྲངསྟེ། ཡུམ:ཁྲྀ་

85 མ:ལོད་སྟོད་གྱྀ་མོང་ན་བཞུགས་ཤྀང། དགུན་བཙན་ཕོ:ཁྲྀ་རྩེ་ན་བཞུགས་ཅིང། དཔྱྀད་ལྟབ་མར། ཟོང་ཆུ་དང།

86 ཐེའུ་ཅུར་དྲངསྟེ། ཡུམ་ཁྲྀ་མ་ལོད། ངན་ལམ་ཙལ:སར་པ་ན་བཞུགས:ཤྀང། འདུན་མ་གླགུ:ཆུང་དུ:ཞང་བཙན་

87 བཙན་ཏོ་རེ:ལྷལ:བྱྀན་དྔ། སེང:གོ:སྣང་ཏོ་རེ:སྐྱྀ་ཟུང་གྱིས། བསྡུས་པར:ལོ་གཆྀག།

53-88 ༇ སྟགྀ་ལོ་ལ་བབ་སྟེ། བཙན་པོ:དབྱརད་པོང་ཁྲྀ་མུ་སྟེངས་ན་བཞུགས། ཡུམ:ཁྲྀ་མ་ལོད་ཡྲ་འབྲོགྀ་འཇོན་

89 ན་བཞུགས། དགུན་བཙན་ཕོ:ཁྲྀ་རྩེ་ན་བཞུགས། མདོ་སྨད་གྱྀ་དགུན་འདུན:ནམ་ལྡོང་པྲོམ་དུ:ཁུ་མང་པོ་རྗེ་ལྷ

90 ཟུང་དང། བློན་མང་རྩན:ལྡོང་ཞྀས:བསྡུསྟེ། སུམ་རུའྀ་མཀོས་ཆེན་པོ:བགྱྀས། ཡུམ་འོན་ཅང་དོ་ན་བཞུགས:

91 ཅྀང། འདུན་མའང:འོན་ཅང་དོར་བསྡུསྟེ། ཤྀད་གྱི་བཀའ་ཏང་ཆེན་པོ་བོར་བར་ལོ་ཆིག།

54-92 ༇ ཡོས་བུའྀ་ལོ་ལ། བཙན་པོ:དབྱརད་གླྀང་གྀ་འོལ:བྱག་ན་བཞུགས་ཤྀང། རྒྱའི་པོ་ཉ:ཀམ་ཀེང་ཕྱག་འཙལད།

93 མདོ་སྨད་གྱྀ་དགུན་འདུན:ཡོལ་གྱྀ་ཅི་འབོསུ:བསྡུས། ཡུམ:རྣང་ཕོ:དུར་མྱྀག་ན་བཞུགས་ཤྀང། ཁུ་འབྱུར་ལོད་བཙན

94 བཀུམ། དགུན་བཙན་པོ་འཇང་ཡུལ་དུ་གཤེགསྟེ། འཇང་ཕབ། པར:ལོ་གཅྀག།

55-95 ༇ འབྲུགྀ་ལོ་ལ་བབ་སྟེ། དཔྱྀད་ཁོ་(ཕོ)བྲང་ཙལདུ:རྒྱལ:གཙུག་རུ་བལྟམ། དབྱརད་བཙན་པོ:ཡབ:རྨ་གྲོམ་གྱྀ་ཡོ་

96 ཏྀ་ཅུ་བཟངས་ན་བཞུགས་ཤྀང། ཡུམ:ཁྲྀ་མ་ལོད:ཡར་འབྲོག་གྀ་འོ་དང་ན་བཞུགསྟེ། འདུན་མ:བྲག་སྒོར:

97 འདུས། དགུན་བཙན་ཕོ:ཆབ་སྲྀད་ལ:མྱྭ་ལ་གཤེགས:པ་ལས། དགུང་དུ་གཤེགས། ཡུམ:ཁྲྀ་མ་ལོད:ལྷས:

98 གང་ཙལ་ན་བཞུགསྟེ། འདུན་མ:བྱར་ལྀངས་ཙལ་དུ:ཞང་ཁྲྀ་བཟང་སྟག་ཙབ་གྱྀས:བསྡུས་པར:ལོ་ཆིག།

56-99 ༇ སྦྲུལ་གྱྀ་ལོ་ལ་བབ་སྟེ། བཙན་པོ་སྲས:རྒྱལ:གཙུག་རུ་དང། པྱྀ་ཁྲྀ་མ་ལོད:དྲོན་ན་བཞུགས། ལྡེག་རེན་པའ:

100 མནོན:སྣང་གྲགས:དང། ཁེ་རྒད་མདོ་སྣང་ལས:སྩོགས:པ:ལོག་སྟེ:བོན་མོ:ན་ལ་ཙེར:ལྡེག་རེན་པ་ལོག་

101 པ་རྣམས:བཀུམ། པོང་ལག་རང་དུ:བཙན་པོ་གཅེན་ལྷ:བལ་ཕོ:རྒྱལ་ས་ནས:ཕབ། བཙན་པོ་ཡབ:བྲྀ་འདུས་

102 སྲོང་གྱྀ་དཔུར། མེར་ཀེའི:རྀང་ཁང་ན་བཞུགས། དགུན་བཙན་པོ:རྒྱལ:གཙུག་རུ་དང། པྱྀ་ཁྲྀ་མ་ལོད་ཞུར་ན་བཞུགས།

103 ཁུ་མང་པོ་རྗེ་ལྷ་ཟུང་། བློན་ཆེན་པོར་བཀའ:སྩལད། དེའི་རྗེས་ལ:གླྀང་རིངས་ཙལ་དུ:ཁུ་མང་པོ་རྗེ་ལྷ་ཟུང་

104 ལ:བཀྱོན་ཕབ། དབའལ:ཁྲྀ་གཟིགས:ཞང་ཉེན:བློན་ཆེན་ཕོར:བཀའ་སྩལདེ། སེ་རྀབ་ལོག་པར་ལོ་གཆྀག།

57-105 ༇ རྟའྀ་ལོ་ལ:བབ་སྟེ། བཙན་པོ:དང། ཕྱྀ:དབྱརད:དྲོན་ན་བཞུགས། བཙན་པོ:ཡབ་གྱྀ་དཔུར:མེར་ཀེ་ན་བཞུགས

106 འདུན་མ:ན་མར་དུ:འབོན་ད་རྒྱལ:བཙན་ཟུང་དང། བློན་ཆེན་ཕོ:ཁྲྀ་གཟིགས:གྱྀས:བསྡུསྟེ། ལྷོ་འདུས་སྲེགས

107 ལ:བཀྱོན་ཕབ། མདོ་སྨད་གྱྀ་དགུན་འདུན་པར་གྱྀ་གླེ་མར:ཞང་རྒྱ་སྟོས་བསྡུས། དགུན་ཕྱྀང་བར་བཙན་པོ:

108 ཡབ་གྱྀ་མདད་བཏང། པྱྀ་མང་པངས་ནོངས། མདོ་སྨད་གྱྀ་འདུན་མ:ཡོལ་གྱྀ་རྟེའུ:དཀྱུསུ:འདུས་པར་ལོ་ཆིག།

58-109 ༇ ལུགྀ་ལོ་ལ་བབ། བཙན་ཕོ:དབྱརད་བལ:པོ:ན་བཞུགས། པྱྀ་དྲོན་ན་བཞུགས། དབྱར་འདུན:ལྷ་གབ་དུ:འབོན་

110 ད་རྒྱལ:དྔ། བློན་ཆེན་པོ:ཁྲྀ་གཟིགས:གྱྀས:བསྡུསྟེ། མངན་གྱྀ་ཁབ་སཽ:ཁྲམ:སྤོས། བྲུང་པ:གནུབས:ཁོ་མ་རེ་གུམ:

111 སྟེ། སྐྱྀན་བར:རྡོ་འཕན་ཀོང་བཅུག། ཁུ:དང། ལྷོ་བཀྱོན་བབ་གྱྀ་ནོར་བརྩིས། སྟོན་ཕྱྀ་མང་པངས:གྱྀ་མདད་བཏང།

112 དགུན་བཙན་པོ:བྲག་མར་ན་བཞུགས:པ་ལས། པོ་བྲང་འཕོསྟེ། ཕྱྀ་སྤོན་ལྷས་གང་ཙལ་ན་བཞུགས། དགུན་འདུན:

113 འོན་ཅང་དོར:བློན་ཆེན་ཕོ:ཁྲྀ་གཟིགས:གྱྀས:བསྡུས་སྟེ། ལྔ་བརྒྱ་སྟོང་བུ:རྗེར་བཅོས། མདོ་སྨད་གྱྀ་མདུན་མའ་

114 རག་ཏགྀ་རྨ་རོང་དུ:འདུས་པར:ལོ་གཅྀག།

59-115 ༇ སྤྲེའུ་ལོ་ལ་བབ་སྟེ། བཙན་པོ:དབྱརད་བལ་པོ:ཤ་རུ:མཁར་ན་བཞུགས། པྱྀ་པོ་བྲང་དྲོན་ན་བཞུགས་ཤྀང། དབྱར་

116 འདུན:མཁྲྀས་ཕ:ཏང་དུ:བློན་ཆེན་པོ:ཁྲྀ་གཟིགས:གྱྀས:བསྡུསྟེ། སྐུ:སྲུངས:གྱྀ་ཁྲམ:དམར་ཕོ:བརྩྀས། དགུན་

117 བཙན་པོ:ཕོ་བྲང:བྲག་མར་ན་བཞུགས། པྱྀ་ལྷས་གང་ཙལ་ན་བཞུགས། འདུན་མ:འོན་ཆང་དོར། བློན་ཆེན་

118 པོ:ཁྲྀ་གཟྀགས:གྱྀས:བསྡུས། མདོ་སྨད་གྱྀ་མདུན་མ:རག་ཏགྀ་ཉམ་པུར:འདུས། འབངས་ལ:གསེར:

119 ཁྲལ:མང་པོ་བསྡུས། དཔྱྀད་བཙན་མོ་ག:ཏུན་གྱྀ་མདད་བཏང་བར་ལོ:གཆིག།

60-120 ༇ བྱ་གགྀ་ལོ་ལ་བབ་སྟེ། བཙན་ཕོ:བལ་པོ་ན་བཞུགས། ཕྱྀ་དྲོན་ན་བཞུགས། དབྱར:འདུན་མཁྲྀས་པ་རྩར་འདུ

121 སྟེ(འདུསྟེ)། གཡོ་རུའྀ་འབྲོག་གྱྀ་མཁོས:བགྱིས། དགུན་བཙན་པཽ:ཕོ་བྲང:བྲག་མར་ན་བཞུགས། པྱྀ་ལྷས་གང:ཙལ:ནའ:

122 བཞུགས། འདུན་མ:འོན་ཅང་དོར:འདུསྟེ། རུ་ལགྀ་ཞུགས་ལོང་དམར་ཕོ་བརྩྀས། སེ་རིབ:གྱྀ་རྒྱལ:ཕོ་བཟུང། མདོ་

123 སྨད་གྱྀ་དགུན་འདུན:གཙེ་ནམ:ཡོར་དུ:འདུས་པར:ལོ:གཆིག།

61-124 ༇ ཁྱྀ་ལོ་ལ་བབ་སྟེ། བཙན་པོ:བལ་པོ་ན:བཞུགས། པྱྀ་དྲོན་ན་བཞུགས། མཁྲྀས་ཕ་ཏང་དུ་འདུན་མ:འདུསྟེ:

125 བཙན་མོ:ཁོང་ཅོ་གཤེགས:པའྀ་ཡོ་བྱད་བཀྲལ། ཞང་བཙན་ཏོ་རེ་ལྷས:བྱྀ་ན་ལས:སྩོགས་པས། གཉེ་བོ་བགྱྀ

126 སྟེ(བགྱྀསྟེ)། བཙན་མོ:ཀྀམ:ཤང་ཁོང་ཅོ:ར་སའྀ་ཤ་ཙལ་དུ་གཤེགས། དགུན་བཙན་པོ:སྟངས:དབྱལ:བྲག་མར་ན་བཞུགས:

127 པྱྀ་ལྷ་སྒང་ཙལ་ན་བཞུགསྟེ། མདོ་སྨད་གྱྀ་འདུན་མ:གཙེ་ནཾ་ཡོར་དུ:ཞང་རྒྱ་སྟོ:དྔ། སྟ་གུ་རྀ་ཙབ་གྱིས:བསྡུསྤར:ལོ་ཆིག།

62-128 ༇ ཕགྀ་ལོ་ལ། བཙན་པོ:དབྱརད་བལ་པོ་ན་བཞུགས། པྱྀ་དྲོན་ན་བཞུགས། དབྱར་འདུན་གཞོང་ཕྱག་དུ:འབོན་ད་རྒྱལ:བཙན་

129 ཟུང་དྔ། བློན་ཆེན་ཕོ:ཁྲྀ་གཟིགས:གྱྀས:བསྡུསྟེ། ཆོག་རོ:ཁོང་གེ་ལ:བཀྱོན་བབ། དགུན་བཙན་ཕཽ:པོ་བྲང་བྲག་མར:

130 ན་བཞུགས། པྱྀ་ལྷས་གང་ཙལ་ན་བཞུགས། སྐྱྀ་རྣམསུ:འབོན་ད་རྒྱལ་བཙན་ཟུང་དྔ། བློན་བློན་ཆེན་ཕོ:ཁྲྀ་

131 གཟིགས:གྱྀས་བསྡུསྟེ། པ་ལོས:མང་ཕོ:བཀུག། མདོ་སྨད་གྱྀ་འདུན་མ:གཙེ་ནམ་ཡོར་དུ:ཆོག་རོ་ཁྲྀ་གཟི

132 གས(གཟིགས)། གནང་ཀོང:གྱྀས:བསྡུས:པར:ལོ་གཆྀག།

63-133 ༇ བྱྀ་བའྀ་ལོ་ལ། བཙན་པོ:དབྱརད་བལ་ཕོ་ན་བཞུགས། པྱྀ་དྲོན་ན་བཞུགས། འབོན་ད་རྒྱལ་དྔ། བློན་ཆེན་ཕོ་ཁྲྀ་གཟྀ

134 གས:(གཟིགས)གྱྀས། ལྷ་གབ་གྱྀ་བྱེ་མ་ལུང་དུ་བསྡུསྟེ། དགུན་བྲག་མར་ན་བཞུགས། བཙན་པཽ་མཚན་རྒྱལ:གཙུག་

135 རུ་ལས། ཁྲྀ་ལྡེ་གཙུག་རྩན་དུ་གསོལད། པྱྀ་ཁྲི་མ་ལོད་ནོངས། དགུན་འདུན་སྐྱྀ་དྲ་ཙལ་དུ:འབོན་ད་རྒྱལ:དང།

136 བློན་ཆེན་ཕོ:ཁྲྀ་གཟིགས:གྱྀས:བསྡུསྟེ། རུ་གསུམ:གྱྀ་ཁྲམ:དམར་ཕོ་བརྩྀས། ཕྱི:བཏོལ་བར:ལོ:གཆིག།

64-137 ༇ གླང་གྱྀ་ལོ་ལ:བབ་སྟེ། བཙན་པོ་དབྱརད:མལ་ཏྲཽ་བརྫེན་ཏང་ན་བཞུགས། འབོན་ད་རྒྱལ:དྔ:བློན་ཆེན་ཕོ:

138 ཁྲྀ་གཟྀགས:གྱིས། དབྱར་འདུན་ཟུ་སྤུགྀ་རྐྱང་བུ་ཙལ:དུ་བསྡུསྟེ། ལྔ་བརྒྱ་བསྐོས། སྔོ་ས:སྐྱ་ས་ཁ་བསྟནད་

139 རྒྱའྀ་ཕོ་ཉ:ཡང་ཁེང་ཕྱག་འཙལད། དགུན་བཙན་པཽ་ཕོ་བྲང་བྲག་མར་ན་བཞུགས། པྱིང་བར:ཕྱྀ:ཁྲི་

140 མ་ལོད་གྱྀ་མདད་བཏང། དགུན་འདུན:མོང་ཀར:དུ། བློན་ཆེན་ཕོ:ཁྲྀ་གཟིགས:གྱྀས:བསྡུསྟེ། གནུབས:

141 ཁྲྀ་མཉེན:མོན་ཙན་གུམ་ནས། ཁུད་པ:ཆེན་ཕཽ་འབངས:ཁྲྀ་སུམ:རྗེ་རྩང་བཞེར་ལ:ཕུལ་བར་ལོ་ཆིག།

65-142 ༇ སྟགྀ་ལོ་ལ:བབ་སྟེ། བཙན་ཕོ:དབྱརད:མལ་ཐྲཽ་བརྫེན་ཏང་ན་བཞུགས་ཤྀང། འདུན་མ། མལ:ཐྲཽ:ལྟམསུ། བློན་ཆེན་

143 པོ:ཁྲྀ་གཟིགས:གྱིས:བསྡུསྟེ། བྲུང་པ:རྡོ་འཕན་ཀོང་ནྀ:བྱུང། ཚེས་པོང:ཏྲེ་གོང་བཆུག་སྟེ། འབོན་ད་རྒྱལ:དྔ:ཞང:

144 བཙན་ཏོ་རེ:ལྷས:བྱྀན:གྱིས། སྀལ་གུ:ཅྀན་གྱི:འོ་ཁོལ:དུ:འ་ཞའྀ་མཁོས:བགྱྀས། དགུན་བཙན་ཕོ:ཉེན་ཀར:ནའ:

145 བཞུགས། དགུན་འདུན:མནོན་དུ:བློན་ཁྲྀ་སུམ་རྗེ་རྩང་བཞེར་གྱྀས། བསྡུསྟེ། འབོན་ད་རྒྱལ:དང། བློན་ཆེན་ཕོ:

146 ཁྲྀ་གཟིགས:གཉྀས:གྱིས། འབུ་ཤྀང་ཀུན་དུ:དྲ་མ:དྲངསྟེ། སླར་འཁོརད་པར་ལོ་གཆྀག།

66-147 ༇ ཡོས་བུ་འྀ་ལོ་ལ། བཙན་པོ་ཞ་ཤྀང་གྱི་རྩིབས་ན་བཞུགས། དབྱར་འདུན་ཟུ་སྤུགྀ་རྐྱང་བུ་ཚལ:དུ:བློན་ཁྲྀ་སུམ་རྗེ་རྩང:

148 བཞེར་གྱྀས:བསྡུསྟེ། རྩང་ཅེན་གྱྀ་བྲུང་པ:ལང་ས:ཙེང་གུམ་སྟེ། ཞང:ཁྲྀ་མཉེས:སྨོན་ཟུང་བཅུག། དགུན་བཙན་པོ་ཉ་ཤ་

149 ཚལ་ན་བཞུགས། འདུན་མ:འོ་ཡུགྀ་ནུབསུ། བློན་ཁྲྀ་སུམ་རྗེ་རྩང་བཞེར་གྱྀས:བསྡུསྟེ། བློན་ཆེན་པོ:ཁྲྀ་གཟིགས:

150 གྱིས། མདོ་སྨད་གྱྀ་དགུན་འདུན:རྒྱོདུ་བསྡུས་ནས། མདོ་སྨད་གྱྀ་མཁོས:ཆེན་པོ:བགྱྀས་པར:ལོ་གཆྀག།

67-151 ༇ འབྲུགྀ་ལོ་ལ:བབ་སྟེ། དབྱརད་བཙན་ཕཽ:ཕོབྲང།

68-152 ༇ སྦྲུལ:གྱྀ་ལོ་ལ:བཙན་པོ:དབྱརད་དུངས་ན་བཞུགས། མདོ་སྨད་གྱྀ་འདུན་མ:བློན་ཆེན་པོ:ཁྲྀ་གཟིགས་གྱྀས། གཉྀ་

153 ཇྀ་གེན་དུ་བསྡུས། དགུན་བཙན་ཕཽ:ཕོ་བྲང་བྲག་མར་ན་བཞུགས། དགུན་འདུན་མོང་ཀར་དུ:བློན་ཁྲྀ་སུམ:རྗེ:རྩང་བཞེར་

154 གྱིས། བསྡུསྟེ། ཆྀབས:པོན་ཞང་ཁྲྀ་མཉེས:མཉེན་ལོད་བྱུང། ཞང་འབྲྀང:རྩན་ཁྱྀ་བུ:བཆུག། བློན་ཆེན་ཕོ་ཁྲྀ་གཟྀགས:

155 གྱྀས། མདོ་སྨད་གྱྀ་དགུན་འདུན:རྱམ་ཤྀ་གར་དུ་བསྡུསྟེ། མངན་གྱྀ:གྱྀམ་རྩིས:བགྱྀས:ཕར:ལོ་ཆིག།

69-156 ༇ རྟའྀ་ལོ་ལ། བཙན་པོ:དདྱརད་བལ:པོ་ན་བཞུགས། དབྱར་འདུན་གྲོ་པུར:ཞང་བཙན་ཏོ་རེ་དྔ། བློན་ཁྲྀ་སུམ་རྗེ་རྩང་བཞེར:

157 གྱིས:བསྡུསྟེ། དགས:ཕཽ་ཁྲམ:དམར་ཕོ་བཏབ། དགུན་བཙན་པཽ:ཕོ་བྲང་བྲག་མར་ན་བཞུགས། རུ་གསུམ་གྱྀ་རྗེ་ཞིང:

158 གླྀངས་གྲྀ་པྱིང་རྀལདྔ། སོག་རྀལད་བགྱྀས། མདོ་སྨད་གྱྀ་དགུན་འདུན། བློན་ཁྲྀ་གཟིགས:གྱྀས། ཡོལ་དུ་བསྡུས་ཕར་ལོ་ཆིག

70-159 ༇ ལུགྀ་ལོ་ལ། བཙན་པོ:དབྱརད་བལ:པོ་ན་བཞུགས། དབྱར་འདུན་དྲའྀ་ཟར་ཕུར་ཞང་བཙན་ཏོ་རེ་དྔ། བློན་ཁྲྀ་སུམ་རྗེས:བསྡུ

160 སྟེ(བསྡུསྟེ)། རུ་གསུམ:གྱྀ་རྗེ་ཞིང་གྱྀ་ཕྱིང་རྀལ:གྱྀ་རྩིས:དྔ། སོག་མའྀ་རྩིས:དྔ། རུ་ཡོང་ཕྱྀ་གསེང་གུམ་སྟེ། བྲུང་པ:སེང་གོ:མོན་བུ:བཆུག་

161 པའྀ་རྩིས:བགྱིས། དགུན་བཙན་པོ་བྲག་མར་ན་བཞུགས། དགུན་འདུན་ཚང་བང་སྣར:ཞང་བཙན་ཏོ་རཻ་དྔ། བློན:ཁྲྀ་སུམ:

162 རྗེས:བསྡུསྟེ། ཞང་ཞུང་དྔ:མརད་ཀྱྀ་ཕ་ལོས:བཀུག། རྔེགས:མང་ཞམ:སྟག:ཙབ:གྱྀས། རྩང:ཆེན:གྱྀ:རྗེ་ཞིང་གྱྀ་པྱིང་

163 རྀལ:བཏབ། མདོ་སྨད་གྱྀ་དགུན་འདུན:བློན་ཆེན་པོ:ཁྲྀ་གཟིགས:གྱྀས:ཡོལ་དུ་བསྡུས:ཕར:ལོ:གཆྀག།

71-164 ༇ སྤྲེའུ:ལོ་ལ། བཙན་པོ:དུངས:གྱྀ་སྟག་ཙལ་ན་བཞུགས་ཤྀང། འབུག་ཅོར་ཕོ་ཉ:ཕྱག་འཙལད། དབྱར་འདུན་དུངས:

165 གྱྀ་མཁའ་བུར:ཞང་བཙན་ཏོ་རེ་དྔ། བློན་ཁྲྀ་སུམ་རྗེས་བསྡུསྟེ། རྩང་ཆེན་གྱྀ་རྗེ་ཞིང:གླྀངས:གྱི་པྱྀང་རིལད་གྱྀ་རྩིས:བགྱྀས། །

166 དགུན་འདུན:བཟང་སུམ:ཚལ:དུ:ཞང་བཙན་ཏོ་རེ་དྔ། བློན་ཁྲྀ་སུམ་རྗེས:བསྡུསྟེ། ཞང་ལོན་གཙང་ལ། ཆྀབས:གྱྀ་ཆས:

167 ཕབ། རྒྱའྀ་མཀར:སོག་སོང་ཕབ། མདོ་སྨད་གྱྀ་དགུན་འདུན་གཙེ་ནམ་ཡོར་དུ་བསྡུས:པར:ལོ:གཆྀག།

72-168 ༇ བྱ་གགྀ་ལོ་ལ། བཙན་པོ་དབྱརད:དུངས:གྱྀ་སྟག་ཙལ་ན་བཞུགས:པ་ལས། རྣང་པོ:ངུར་མྱྀག་དུ་འཕོས་ཤྀང། དགོས:

169 དབྱེར། སྟོད་ཕྱོགས:གྱྀ:ཕོ་ཉ་མང་པོ:ཕྱག:འཚལད། བློན་ཆེན་ཕོ:ཁྲྀ་གཟྀགས:དྔ། ཞང་བཙན་ཏོ་རེ:དང། ཁྲྀ་བཟང་སྟག་ཙབ:

170 གསུམ:གུམ། དགུན:ཕོ་བྲང། བྲག་མར་ན་བཞུགསྟེ། འདུན་མ:མཁར་ཕྲག་དུ། བློན་ཁྲྀ་སུམ་རྗེས:བསྡུས་ནས། མངན་

171 དང། སླུངས:སྟོད་སྨད་གྱྀ་ཐང་ཁྲམ:ཆེན་པོ་བཏབ། མདོ་སྨད་གྱྀ་དགུན་འདུན་འརྱམ:ཤྀ་གར་དུ:བློན་ཁྲྀ་གཟྀགས:གནང་

172 ཁོང་གྱྀས:བསྡུས། དབའས:ཁྲྀ་སུམ་རྗེ་རྩང་བཞེར:བློན་ཆེན་པོར:བཀའ་སྩལད། ཡུམ་བཙན་མ་ཏོག:ནོངས་པར:ལོ་ཆིག།

73-173 ༇ ཁྱྀ་ལོ་ལ། བཙན་པོ:དབྱརད་བལ:པོ་ན་བཞུགས་ཤྀང། དབྱར་འདུན:དྲྀབ་ནག་དུ:བློན་ཆེན་པོ:ཁྲྀ་སུམ་རྗེས:བསྡུས། དགུན་

174 བཙན་པོ:བྲག་མར་ན་བཞུགས། དགུན་འདུན:མཁར་པྲག་དུ། བློན་ཆེན་ཕོ་ཁྲྀ་སུམ:རྗེས:བསྡུསྟེ། ཁབ་སཽ:ཐུགས་ཉེན་

175 གྱྀ་ལྷག་ཅད་བརྩྀས། མདོ་སྨད་གྱྀ་འདུན་མ:གཙེ་ནམ:ཡོར་དུ:བློན་ཁྲྀ་གཟྀགས:གནང་ཁོང་གྱིས་བསྡུས་ཕར་ལོ་ཆིག།

74-176 ༇ ཕགྀ་ལོ་ལ། བཙན་པོ:དབྱརད་བལ་པོ་ན་བཞུགས་ཤྀང། དབྱར་འདུན:དྲྀབ་ནག་དུ:བློན་ཁྲྀ་སུམ་རྗེས:བསྡུསྟེ། མངན:ལང་

177 གྲོ:སྙ་བརྩན:ཁོང་ལོད་དྔ། སེང་གོ:འབྲྀང་རྩན:མོན་ཆུང་གཉྀས:ཕྱུང་སྟེ། ཆོག་རོ:སྙ:ཞྀན་ཀོང་དྔ། གནུབས:ཁྲྀ་སུམ་རྗེ:

178 སྟག་རྩན་གཉྀས:བཆུག། དགུན་བཙན་ཕོ:བྲག་མར་ན་བཞུགསྟེ། ཡུམ་བཙན་མ་ཐོགྀ་མདད་བཏང། འདུན་མ:མོང་ཀར་དུ:

179 བློན་ཁྲྀ་སུམ་རྗེས:བསྡུསྟེ། ཁུད་པ:ཆེན་ཕོ:བློན་ཁྲྀ་སུམ་རྗེས། ཞང་ཁྲྀ་མཉེས:སྨོན་ཟུང་ལ:ཕུལ་བའྀ་རྩིས:བགྱྀས།

180 མདོ་སྨད་གྱྀ་དགུན་འདུན:གཙེ་ནམ:ཡོར་དུ:བློན་ཁྲྀ་གཟིགས:གནང་ཁོང་གྱྀས:བསྡུས:པར:ལོ་ཆྀག།

75-181 ༇ བྱྀ་བའྀ་ལོ་ལ། བཙན་པོ:དབྱརད་སྤེལ་ན་བཞུགས་ཤྀང། བྱང་རོལདུ་གཤེགསྟེ། ཁོ་ཉེ་དུ་རུར། གཡག་རྒོད་ལ:རོལ་མོ:མཛདེ།

182 གཡག་རྒོད་སྒྲོག་དུ་བཆུག། དབྱར་འདུན:དབུ་རུ་ཤོད་གྱྀ:རྩྀའུ་ལུང་དུ:བློན་ཆེན:པོ:ཁྲྀ་སུམ་རྗེས:བསྡུས། པ་ནོང་གྱྀ་ཆོས:གྔོ་

183 དུ། བློན་སྟ་ག་རྀ་ཙབ་གྱིས་བསྡུསྟེ། ཞང་ཞུང་གྱྀ་མཀོས:བགྱྀས། དགུན་བཙན་ཕོ:བྲག་མར་ན་བཞུགས། བློན་ཆེན་པོ:ཁྲྀ་སུཾ:

184 རྗེས། དགུན་འདུན་ལྷས་གང་ཙལ་དུ་བསྡུས། བློན་ཁྲྀ་གཟིགས:གནང་ཀོང་གྱྀས:མདོ་སྨད་གྱྀ་འདུན་མ་རྒྱོདུ་བསྡུས་པར་ལོ་ཆྀག

76-185 ༇ གླང་གྱྀ་ལོ་ལ། བཙན་པོ:དབྱརད:མཚར་བུ:སྣ་ན་བཞུགས། ཤྀང། བློན་ཁྲྀ་སུམ་རྗེས:བལ:པཽ:བྲྀའུ:ཏང་དུ་བསྡུསྟེ། བློན་ཆེན་

186 པོ:ཁྲྀ་སུམ་རྗེ་གུམ། དགུན་ཕོ་བྲང་བྲག་མར་ན་བཞུགསྟེ། ཚང་བང་སྣར:སེང་གོ:མོན་ཆུང་སྤྱུགས། དཔྱྀད། རྔེགས:མང་ཞཾ

187 སྟག་ཙབ། བློན་ཆེན་ཕོར:བཀའ:སྩལད་པར། ལོ:གཅིག།

77-188 ༇ སྟག་གྀ་ལོ་ལ། བཙན:པཽ:ཕོ་བྲང:སྲེ་གའྀ:མཚར་བུ་སྣ་ན་བཞུགས། བློན་ཆེན་ཕོ་མང་ཞམ:གྱྀས:ལྷ་གབ་དུ:བསྡུས།

189 དགུན་བཙན་པཽ:ཕོ་བྲང། བྲག་མར་ན་བཞུགས། མངན་མཆེད་བརྒྱད་ལས:བཞྀར་བཅོས་པའྀ:ཟླུགས:གྱྀ་རིང་ལུགས:

190 བཀྱེའ། དཔྱྀད་བློན་ཆེན་པོ:མང་ཞམ:གྱྀས། ཟློར་བསྡུསྟེ། མངན་གྱྀ་ཐང་སྦྱརད། ཁབ་སོའྀ་ཁྲལད་པ:བསྐོས། མདོ་སྨད་

191 གྱྀ་དགུན:འདུན:སྟག་སྒྲ:ཁོང་ལོང་ལོད་གྱྀས། གཙེ་ནམ:ཡོར་དུ་བསྡུས:པར:ལོ་གཅྀག།

78-192 ༇ ཡོས་བུའྀ་ལོ་ལ། བཙན་པོ:དབྱར་ཆབ་སྲྀད་ལ:འ་ཞ་ཡུལ་དུ་གཤེགསྟེ། ཤུལདུ:དབའས:སུམ:པོ:སྐྱེས:བྐའ་གྱོད་ལ:

193 ཆགས། རྒྱའྀ་མཁར:ཀྭ་ཆུ། སྀན་ཅང་ཕབ། བློན་ཆེན་ཕོ:མང་ཞམ:གུམ། དགུན་བཙན་ཕཽ:ཕོ་བྲང་ཇོར་གོང་སྣ:ནའ་

194 བཞུགསྟེ། འབོན་འ་ཞ་རྗེ་དང། ཞང་དབོན:གདན་ཚོམ། དབའས:སྟག་སྒྲ:ཁོང་ལོད:བློན་ཆེན་པོར:བཀའ་སྩལད།

195 འ་ཞ:ཕལ:ཕོ་ཆེ:བྱ་སྒ:སྩལད། བོད་ཡུལ:གྱྀ་དགུན་འདུན:སྐྱྀ་ལྷས:གང་ཚལ:དུ། ཞང་འབྲྀང་རྪན:ཁྱྀ་བུས:བསྡུས:

196 མདོ་སྨད་གྱྀ་འདུན་མ:འབྲོ:ལྪྀའུ་ལུང་དུ:བློན:ཁྲྀ་གཟིགས:གནང་ཁོང་གྱྀས:བསྡུས:པར:གཆྀག།

79-197 ༇ འབྲུགྀ་ལོ་ལ། བཙན་པོ:དབྱརད:མཚོ་བགཻ:བོལ:གངས:ན་བཞུགས:པ་ལས། སླར:བོད་ཡུལ:དུ་གཤེགསྟེ། འདུན་མ:ཟྲྀད་

198 གྱྀ:ལྡུ་ནག་དུ་འདུས། དགུན་ཕོ་བྲང་བྲག་མར་ན་བཞུགསྟེ། དབའས:སྟག་སྒྲ:ཁོང་ལོད་ལ:བཀྱོན་ཕབ་ནས། འབྲོ:ཆུང་བཟང་

199 འོར་མང:བློན་ཆེན་པོར་བྐའ་སྩལད། དགུན་འདུན:བྱར་ལྀངས:ཙལ:དུ:བློན་ཆེན་པོ:ཅུང་བཟང་གྱྀས:བསྡུསྟེ། མངན

200 ཆེན་པོ:བརྒྱད་ལས། བཞྀར་བཅོས:པའྀ་ཏང་ཁྲཾ་བཏབ། མདོ་སྨད་གྱྀ་འདུན་མ:རྒྱོདུ:བསྡུས:པར:ལོ་གཆྀག།

80-201 ༇ སྤྲུལ:གྱྀ་ལོ་ལ། བཙན་པཽ:ཕོ་བྲང་དབྱརད:སྲེ:གའྀ་མཙར་བུ:སྣ་ན་བཞུགས། བློན་སྐྱེས་བཟང་ལྡོང་ཙབ་ལས:

202 སྩོགས:པས། མུ་ལེ:ཅུ་ལེར་གཡུལ:སྤྲདེ:རྒྱ་མང་པོ:བདུངས། དགུན་ཕོ་བྲང་བྲག་མར་གྱྀ་དབུ:ཚལ་ན་བཞུགསྟེ:རྒྱའྀ

203 པོ་ཉ་ལྀ:ཙོང་ཀན:པྱག་འཙལད། བློན་ཆེན་པོ:ཅུང་བཟང་གྱྀས། དགུན་འདུན:སྐྱྀ་ཤོ་མ་རར་བསྡུསྟེ། མུན་མགྀ:སྣོན་

204 གོད་བརྩྀས། དམག:དྲུ་གུ:ཡུལ་དུ་དྲངས་ཕ:སླར:འཁོརད་པར:ལོ་གཆྀག།

81-205 ༇ རྟའྀ་ལོ་ལ། བཙན་པོ:དབྱརད་བ་ཅོས:གྱྀ:དིང་དྀང་ཏང་ན་བཞུགསྟེ། རྒྱའྀ་པོ་ཉ་ཙྭ་དེ་པུ:པྱག་འཙལྡ། ལྕམ:ལྷ་སྤངས:ནོངས།

206 དགུན་བྲག་མར་ན་བཞུགས། འདུན་མ:མཀར་ཕྲག་དུ་འདུསྟེ། ཀོང་ཅཽ་བློན:ཆོག་རོ་ཞྀན་ཀོང་ཕྱུང་སྟེ། ལང་གྲོ:ཁོང་རྩན་བཅུག

207 པཻ་རྩྀས་བགྱྀས། གཙེ་ནཾ་ཡོར་དུ་བློན་ཆེན་པོ:ཅུང་བཟང་གྱྀས:མཏོང་སོད་གྱྀ་མཁོས:བགྱྀས་པར་ལོ་གཅིག།

82-208 ༇ ལུགྀ་ལོ་ལ། བཙན་པོ:དབྱརད་མཚར་བུ་སྣ་ན་བཞུགསྟེ། རྒྱའྀ:ཕོ་ཉ:ཅང་འདོ་ཤི་ལས:སྩོགས:ཕ:ཕྱག་འཙལད། དགུན

209 བྲག་མར་གྱྀ་འོམ་བུ་ཙལ་ན་བཞུགསྟེ། དགུན་འདུན་སྐྱྀ་ཤོ་མ:རར:བློན་ཆེན་པོ་ཆུང་བཟང་གྱྀས:བསྡུསྟེ། རྕང་ཆེན་གྱྀ

210 བྲུང་པ། ཞ་སྔ:ཐང་རྩན་བྱུང་ནས། སེང་གོ:མོན་བུ:བཅུག:པའྀ་རྩིས:བགྱྀས་པར་ལོ་གཆིག།

83-211 ༇ སྤྲེའུ་ལོ་ལ། དབྱརད་བཙན་པོ:བ་ཆོས:གྱྀ་དིང་དྀང་ཏང་ན་བཞུགས། ཤྀང། བཙན་ཡུལ:དུ་རྒྱའྀ་ཕོ་ཉ། ལྀ་ཁེང་དྔ། ཏ་ཆྒྀ་

212 དང་དུར་གྱྀས:གྱྀ་པོ་ཉ་ཕྱག་འཙལད། དགུན་ཕོ་བྲང། བྲག་མར་གྱྀ་འོམ་བུ་ཚལ་ན་བཞུགས། དགུན་འདུན་ལྷས:གང་ཚལ་

213 དུ:བློན་ཆེན་པོ:ཅུང་བཟང་གྱྀས:བསྡུས:བསྡུས། ལྕམ:ལྷས་པངས:གྱྀ་མདད་བཏང། མདོ་སྨད་གྱྀ་འདུན་མ:ཟོལ་དུ་འདུས:པྼ་ལོ་ཆྒྀ་

84-214 ༇ བྱ་གགྀ་ལོ་ལ། བཙན་པཽ:ཕོ་བྲང་ན་དྲོན་ན་བཞུགས། བཙན་ཡུལ:དུ་རྒྱའྀ་ཕོ་ཉ། ལྀ:ཞང་ཤོ་དྔ:མྱྭ་ལ:ཀག་ལས། སྩོགས

215 པ:པྱག་འཙལད། དགུན་ཕོ་བྲང:བྲག་མར་གྱྀ་འོམ:བུ་ཙལ་ན་བཞུགས། བློན་ཆེན་པོ་ཅུང་བཟང་གྱྀས། ལྷས་གང་ཚལ་

216 དུ་བསྡུ་སྟེ། རུ་བཞྀ་རབས་ཆད་བརྩྀས། མདོ་སྨད་གྱྀ་འདུན་མ:ཟོལ་དུ་འདུས་པར:ལོ་གཆྀག།

85-217 ༇ ཁྱྀའྀ:ལོ་ལ། བཙན་པཽ:ཕོ་བྲང་དབྱརད:དྲོན་ན་བཞུགས། རྒྱའྀ:ཕོ་ཉ་འྭང་འདོ་ཤྀ:ཕྱག་འཙལད། ཇེ་བ:འདྲོན་མ:ལོད་དུར་

218 གྱྀས:ཁ་གན་ལ:བག་མར་བཏང། དགུན་ཕོ་བྲང:བྲག་མར་གྱྀ་འོམ་བུ་ཙལ་ན་བཞུགས། འདུན་མ་ཟློར་འདུས། འ་ཞའྀ

219 ཕ་ལོས:བགྱྀས། མདོ་སྨད་གྱྀ་འདུན་མ:སེབ་དུ་འདུསྟེ། བློན་སྐྱེས་བཟང་ལྡོང་ཙབ་གྱྀས། ཁྱྀ་ཤ་ཅན་ཕབ་པར་ལོ་ཆིག

86-220 ༇ ཕགྀ་ལོ་ལ། བཙན་པཽ:པོ་བྲང་དབྱརད་དྲོན་གྱྀ་མང་སྟེ:ལུང་ན་བཞུགས། འོ་ཡུག་དུ:ཆྀབས:སྡེ་བཞྀ:བཙན་པཽ

221 སྤྱན་སྔ:བྲྀམསྟེ། རྐང་ཏོན་བགྱྀས། རྒྱའྀ:པོ་ཉ་ཇེའུ་ཇང་ཤྀ:པྱག་འཙལད། དགུན་བྲག་མར་གྱྀ་འོམ་བུ་ཙལ་ན་བཞུགྶ:

222 བློན་ཆེན་པོ་ཅུང་བཟང:འ་ཞ་ཡུལ་དུ་མཆྀས་པར:ལོ་གཅྀག།

87-223 ༇ བྱྀ་བའྀ་ལོ་ལ། བཙན་པོ:ཕོ་བྲང་དྲོན་གྱྀ་མང་སྟེ:ལུང་ན་བཞུགས། ཅོག་རོ་མང་པོ་རྗེ་ཁྱྀ་ཆུང་གྱྀས། དྲུ་གུ་ཡུལ་དུ

224 དྲངས། དགུན:ཕོ་བྲང:བྲག་མར་ན་བཞུགས། རྒྱའྀ་ཕོ་ཉ་ལྀ་ཞང་ཤོ:པྱག་འཙལད་པར:ལོ་ཆིག།

88-225 ༇ གླང་གྀ་ལོ་ལ། བཙན་པཽ:ཕོ་བྲང:དྲོན་གྱྀ་མང་སྟེ:ལུང་ན་བཞུགས། བློན་སྐྱེས:པཟང:ལྡོང་ཙབ:གྱྀས། བྲུ་ཞ་ཡུལ

226 དུ་དྲངས། དགུན་ཕོ་བྲང་བྲག་མར་ན་བཞུགསྟེ། བྲུ་ཞའྀ:རྒྱལ:པོ:ཕབ་སྟེ:པྱག་འཚལད། རྒྱའྀ:ཕོ་ཉ:འྭང་འདོ་

227 ཤྀ:པྱག་འཙལད། ནས། རྒྱས:ཆབ:སྲྀད་བཤྀག་པར་ལོ་གཆྀག།

89-228 ༇ སྟགྀ་ལོ་ལ། བཙན་པཽ:ཕོ་བྲང:དབྱརད་དྲོན་ན་བཞུགསྟེ། ཆད་ཀ་བཅད། དགུན:ཕོ་བྲང:བྲག་མར་ན་བཞུགས། དགུན་

229 འདུན:སྒྲེགས:གྱྀ་བྱ་ཅལ:དྔ་ཅུ་བགཽ:རྟེའུ་མཀར་དུ་འདུསྟེ། ཅད་ཀ་བརྩྀས། སྐུན་ཀར་རྨ་ཚེ་སླར:ཐོབ་པར:ལོ་ཆིག།

90-230 ༇ ཡོས:བུའྀ་ལོ་ལ། བཙན་པོ:དབྱརད་ཆབ་སྲྀད་ལ:བེག་དུ་གཤེགསྟེ། སྲས་ལྷས:བོན:དྲོན་ན་བཞུགས། བཞུགས་

231 པ་ལས:ནོངས། བཙན་པོ:ཡབ:དགུན་བོད་ཡུལ:དུ་སླར་གཤེགས། བཙན་མོ:ཀྀམ་ཤེང:ཁོང་ཅོ་ནོངས་པར་ལོ་ཆིག།

91-232 ༇ འབྲུགྀ་ལོ་ལ། བཙན་པཽ:པོ་བྲང། དབྱརད་མཚར་བུ:སྣའྀ་ངང་མོ:གླྀང་ན་བཞུགསྟེ། ཇེ་བ:ཁྲྀ་མ་ལོད་བྲུ་ཞ་རྗེ་ལ:བག་

233 མར་བཏང། དགུན་ཕོ་བྲང་བྲག་མར་ན་བཞུགས། ཞང་ཁྲྀ་མཉེས:སྨོན་ཟུང:གུམ་བར:ལོ་གཅིག།

92-234 ༇ སྦྲུལ་གྱྀ་ལོ་ལ། བཙན་པོ:དབྱརད་ཆབ་སྲྀད་ལ་གཤེགསྟེ། རྒྱའྀ་མཁར་དར:ཁྭ:ཧྱྭན་ཕབ། ཞོ:དོ་གྱྀ་ཞང་ཙལ:དུ:

235 བཙན་པཽ:སྤྱན་སྔར། ཁྲོམ:གྱྀ་མཀོས:ཆེན་པོ:བགྱྀས། དགུན་ཆབ་སྲྀད་ལས:སླར་བྲག་མར་དུ་གཤེགསྟེ། བཟོ:ཞལ་

236 ཅོས:གྱྀས། བརྒལཏེ:མཀར་ལྕགས:རྩེ་སླར:ཐོབ། བཙན་པོ:སྲས:ལྷལ:བོན་དྔ། བཙན་མོ:ཁོང་ཅོ:གཉྀས:གྱྀ་

237 མདད:བཏང། བར:ལོ:གཅྀག།

93-238 ༇ རྟའྀ་ལོ་ལ། བཙན་པཽ:པོ་བྲང་དབྱརད་མཚར་བུ:སྣ་ན་བཞུགས། རྒྱའྀ:ཕོ་ཉ:ཨན་ད་ལང་དྔ། མྱྭ་ནག་པཽ:པོ:ཉ་ལ་

239 བྲྀ:པྱག་འཙལད། ཟློར་ཤུད་པུ:ཁོང་ཟུང་དྔ། ལང་གྲོ:ཁོང་རྩན་གཉྀས། འབྱུང་འཇུགྀ་རྩིས་བགྱྀསྟེ། ཐང་ཁྲམ:

240 བཏབ། ཁུ་ཉེ་མོན་གངསུ:བློན་མང་པོ་རྗེས་འ་ཞའྀ་མཁོས:བགྱྀས། བཙན་པོ:སྲོང་ལྡེ་བརྩན:བྲག་མར:དུའ་

241 བལྟམ། ཡུམ:མང་མོ་རྗེ་ནོངས:ཕར:ལོ་གཆྀག།

94-242 ལུགྀ་ལོ་ལ། བཙན་པཽ:པོ་བྲང་དབྱརད་ར་མཚར་ན་བཞུགསྟེ། བློན་ཆེན་པོ་ཆུང་བཟང་གྱྀས། དབྱར:འདུན:

243 བྲེང་དུ་བསྡུསྟེ། ཕ་ལོས:གྱྀ:བྱང་བུ:བོར། དགུན་ཕོ་བྲང་བྲག་མར་ན་བཞུགས། སྐྱྀ་རྣམསུ:རྒོད་གཡུང་གྱྀ་ཕ་ལོས:

244 ཅེན་པོ:བཀུག། བྲག་མར་དུ་རྒྱའྀ:པོ་ཉ:ཀྭག་ཅུང་ལང་པྱག་འཙལད་པར:ལོ་གཅིག།

95-245 ༇ སྤྲེའྀ:ལོ་ལ། བཙན་པོ:དབྱརད་བྱང་རོལདུ་གཤེགས:པ་ལས:སླར:འཁོརཏེ། པོ་བྲང་ར་མཚར་དུ་བཏབ། རྒྱའྀ

246 པོ་ཉ། ཅང་འགྭན་འགེ་དྔ། དུར་གྱྀས:གྱྀ:པོ་ཉ:པྱག་འཚལད། ཡུལ་ཡུལ:དམག་མྱྀ:ཁྲམ:སྐྱ:བརྩྀས། དགུན་པོ་བྲང་

247 བྲག་མར་ན་བཞུགས། དགུན་འདུན་སྐྱྀ་ཤོ་མ་རར། བློན་ཆེན་པོ་ཅུང་བཟང་དྔ་བློན་སྐྱེས:བཟང་གཉྀས:གྱྀས:བསྡུསྟེ:

248 དམག་མྱྀ་མཁོས:ཆེན་པོ:བགྱྀ་སྟེ། བཙན་པོ་བྐས:ཁྲམ:དམར་པོ་ཤོག་ཤོག་སེར་པོ:ལ:སྤོས་པར་ལོ་ཆྀག།

96-249 ༇ བྱ་གགྀ་ལོ་ལ། བཙན་པོ:དབྱརད་འོ་དང་ན་བཞུགས་ཤྀང། དགུན་བྲག་མར་ན་བཞུགས། དགུན་འདུན་

250 དྲ་བྱེར་འདུས། བྲུང་པ:ཞང་ཏྲེ་གོང་ཕྱུང་སྟེ། ཅོག་རོ་རྨ་གོང་བཅུག་པ་དྔ། སེང་གོ་འཕན་ལ:སྐྱེས:ཕྱུང་སྟེ། མྱང་

251 འདུས:ཁོང:བཅུག་པའྀ་རྩིས:བགྱྀསྟེ། ཇོ་མོ:ཁྲྀ་བཙུན་གྱྀ་མདད་བཏང་བར:ལོ་གཆྀག།

97-252 ༇ ཁྱྀ་ལོ་ལ། བཙན་པོར་དབྱརད་ཕོ་བྲང་ན་མར་ན་བཞུགས། དགུན:བྲག་མར་ན་བཞུགསྟེ། བློན་ཆེན:པོ:ཅུང་བཟང་དྔ:

253 བློན་སྐྱེས་བཟང་ལྡོང་ཙབ་གཉྀས:གྱིས། དགུན་འདུན་སྐྱྀ:བྱར་ལྀངས:ཙལ་དུ་བསྡུསྟེ། རུ་བཞྀའི་འབྲོག་སོག:

254 གྀ་མཁོས:བགྱྀས། བཙན་པོ:བཀས། སྟོང་སྡེའྀ:གླེའུ:ཐོགསླ། ཁྲལ:པ:གུ་དུ་སྤགས། བློན་ཆེན་པོ:མན་ཆད་

255 བྲོ་སྩལཏེ། བྐའ་ནན་ཅེན་ཕོ:མཛད་ནས། འབངས:མགོ་ནག་པཽ:ཁྲལ:ཐུད:སྕུངས་པར:ལོ་གཅྀག།

98-256 ༇ ཕགྀ་ལོ་ལ། བཙན་པཽ་པོ་བྲང་ན་མར་ན་བཞུགསྟེ། འབྲོག:སོག་གཅོད་པའྀ་རིང་ལུགས:སོ་སོར་བཀྱེ། ཁུ་ལེར་ཆྀབྶ:

B.M 8212(18)7

99-1 ......བསྡུསྟེ། བོད་ཡུལ་གྱི་ཕ་འོས་གྱི་མགོ་མཛད། དགུན་པོ་བྲང་བྲག་མར་ན་བཞུགསྟེ། དགུན་འདུན་བློན་ཅེ་ཅུང་བཟང་གྱིས་རྣམ་

2 སུ་བསྡུསྟེ། ཕ་ལོས་བགྱིས་པར་ལོ་ཅྀག།

100-2 སྤྲའྀ་ལོ་ལ་བབསྟེ། བཙན་ཕཽ་ཕོ་བྲང། མཙར་དུ་བཏབསྟེ། བྱང་རོལ་དུ་གཤེགས།

3 དགུན་འདུན་སྐྲྀ་ཤོ་མ་རར། བློན་ཅེ་ཅུང་བཟང་་དྔ་འབལ་ལྡོང་ཙབ་གཉིས་གྱིས་བསྡུསྟེ། རུ་བཞི་མཁོས་བགྱིས་པར་ལོ་ཆིག།

101-4 བྱ་གགི་ལོ་ལ་བབསྟེ། བཙན་པཽ་ཕོ་བྲང། ཡར་འབྲོགྀ་ཡྀ་དྔ་ན་བཞུགས། རྒྱའྀ་དམག་དཔོན་འབའ་ཙང་ཀུན། ཀོག་ཡུལ་གྱི་རྒྱ་འྀ

5 གྱིམ་:པོ:དྲང་སྟེ། དབོན་འ་ཞ་རྗེ་དྔ:བློན་མང་ཕོ་རྗེ་གཉིས:གྱིས:མཁར:ཇིད་པར་ལ་བརྒལདེ། རྒྱ་འྀ་རམ་འདའ་ཇྀད་པར་དུ། པུན་

6 རྒོན་མཁར་ཕོ་ཅེར་དྲངསྟེ། རྒྱ་ཕལ་ཅེར་བཀཾ། དགུན་བཙན་པོ་བྲག་མར:ན་བཞུགས་པར:ལོ་གཆིག།

102-6 ཁྱི་ལོ་ལ་བབསྟེ། དབྱར

7 བཙན་པོ་ན་མར་ན་བཞུགསྟེ། གསེར་ཁུང་དུ་རོལ་དུ་གཤེགས། དགུན་ཕོ་བྲང་བྲག:མར་ན་བཞུགས། མདུན་མ:སྐྱི་བྱ་རླིང་ཙལ་དུ

8 བློན་ཅེ་ཅུང་བཟང་དྔ། འབལ་ལྡོང་ཙབ་དྔ་ལང་མྱེས་ཟིགས་གསཾུ་གྱིས་བསྡུསྟེ། རུ་བཞི་འབྲོག་སོགི་མཁོས་བགྱིས། དགུ་

9 ཁོལ་གྱྀ་ཁྲལ་ཕབ་ཕ་བསྡུསྟེ། བློན་སྐྱེས་བཟང་སྟག་སྣང་ལ་ཏང་བཏབ་པར་ལོ་གཆིག།

103-9 ཕ གྀ་ལོ་ལ་བབསྟེ། དབྱར་བཙན་ཕོ་

10 ན་མར་ན་བཞུགས། གོག་ཡུལདུ་རྒྱའི་བྱིམ་པོ་བྱུང་སྟེ། བྲུ་ཤ་དྔ་གོག་སྟོརད། དགུན་བཙན་པོ་བྲག་མར་ན་བཞུགསྟེ། དགུན་འདུན་དྲའི་རྩེ་གྲོར་བློན་(ཅེ་ཅུང)

11 བཟང་དྔ། འབལ་ལྡོང་ཙབ་དྔ་བློན་མང་ཕོ་རྗེ་དྔ་ཞང་འབྲིང་རྩན་ལས་སྩོགས་པས་བསྡུསྟེ། འབྲོག་སོག་རྩིས་ཀྱི་མཇུག་བཅདེ། ཞིང་གྱི་རེག་(ཟིག)......

104-12 (ལུག་གི་ལོ)ཡབ་གྱི་ཁོར་ཕ་དག་དམག་མྱིས་ཕབ། སྟོང་སར་སྟོང་སྡེ་གསུམ་གྱྀ་སྟོང་དཔོན་བསྐོས། ལང་འབལ་གྱི་བྲན་སྤྱུགསྟེ།

13 མཏོང་སོད་དུ་བཏོན། བློན་ཁྲི་བཟང་དྔ། ཞང་སྟོང་རྩན་གཉིས་གྱིས། མཁར་ཏེའུ་ཅུ་ཕབ། རྨ་གྲོམ་ཕྱིར་བཙུགསྟེ། ཞང་མདོ་

14 བཞེར:རྨ་གྲོམ་གྱི་དམག་དཔོན་དུ་བཀའ་སྩལད། མདོ་སྨད་གྱི་དབྱར་འདུན་དབུ་ལེ་ལམ་ནག་དུ། བློན་ཁྲི་སྒྲ་དྔ་མང་རྩན་

15 འཕན་གང་དྔ། བློན་མདོ་བཞེར་ལས:སྩོགས:པས:བསྡུ་སྟེ། ཏེའུ་ཅུར:དྲ་མ་དྲངསྟེ། དགུན་འདུན་ཞང་རྒྱལ་ཟིགས་གྱིས།

16 རག་ཏགྀ་ཀོག་དུ་བསྡུསྟེ། ལང་འབལ་བཀྱོན་པབ་པེའི:ནོར:བརྩྀས་པར་ལོ་ཅིག།

105-16 སྤྲའུ་ལོ་ལ་བབསྟེ། དབྱར:བཙན:ཕོ་

17 ཟུང་ཀར་ན་བཞུགས། བཙན་པཽ་མཙན་ཁྲྀ་སྲོང་ལྡེ:བརྩན:དུ་བོནད། ཅབ་སྲིད་པྱག་དུ་བཞེས། འབངས་མཏའ་བཞི་ལ་

18 བཀའ་ཤོ་ཅེན་ཕོ་པྱུང་། དབྱར་འདུན་གླགི་བུ:ཅུང་དུ:བློན་:སྐྱེས་བཟང་རྒྱལ:ཀོང་གྱིས:བསྡུསྟེ། ལང་འབལ:གྱྀ་ནོར:གྱི་མཇུག

19 བརྩིས། དགུན་བཙན་ཕོ:ཟུང་ཀར་ན་བཞུགས། དགུན་འདུན་སྐྱྀ་པྱི:ཙལདུ། སྐྱེས་བཟང་རྒྱལ:ཀོང་དྔ། རྒྱལ་ཏ་ཁྲྀ་གོང་ཉིས་

20 གྱིས་བསྡུསྟེ། བན:འཇག་ནག:པོ་དྔ་གོག་དྔ། ཤྀག་ནིག་ལས་སྩོགསྟེ། སྟོད་པྱོགས་གྱྀ་ཕོ་ཉ་པྱག:འཙལད། ཕོ་ཉའྀ

21 ལན་དུ་པ་གོར་ན་འདོང་དྔ། ཅེ་སྣང་རྩན:གཉིས:བཀའ:སྩལད། བློན:ཁྲི:བཟང་དྔ་ཞང་སྟོང:རྩན:དྔ། ཀག:ལ:བོང་གསཾུ

22 གྱི་དམགིས། སེ:ཅུ་ཕབ། ཙེ་ཅི་མན་ཅད་འབངསུ་བཀུག། མདོ་སྨད་གྱི་དབྱར་འདུན:ཡོལ:དུ་བློན་ཁྲི:བཟང་གྱིས།

23 བསྡུསྟེ། གསར:བུ་པལ་ཕོ:ཅེ་མཆྀས། དགུན:འདུན་ཡོལ་དུ་བློན་སྣང་བཞེར:གྱིས་བསྡུས། པར་ལོ:ཅྀག།

106-24 (བྱ་གགི་ལོ་ལ་བབསྟེ)དབྱར་བཙན་པོའི་ཕོ:བྲང་བ:བམས:གྱི:གཡག:རུ:གོང་ན་བཞུགསྟེ:རྒྱའྀ་ཕོ:ཉ:པྱག:འཚལདེ:དབྱར་འདུན་

25 སྟོད་གྱྀ:མོང་དུ:བློན་ཆེན་པོ་སྣང་བཞེར:དང་ཞང་རྒྱལ:ཟིགས:གཉྀས:གྱྀས:བསྡུས:ཏེ:བློན་སྐྱེས:བཟང..རྒྱལ་ཀོང་བློན་ཆེའི་

26 འོག:དཔོན་འཚལ:འཚལ:བ:ལས:གཾུ:། མདོ:སྨད་གྱྀ:དབྱར་འདུན:རེ:ཀྲས:འཛོང:དུ:ཞང་སྟོང་རྩན་དང:བློན་མང་རྩན་

27 འཕན་གང་གྱྀས་བསྡུས:དགུན་བཙན་པོའྀ:པོ:བྲང་སྟོད་གྱྀ:ལྕང་བུ་ན་བཞུགས:མདོ:སྨད:གྱི:དགུན......འདུན:བློན་མང་རྩན་

28 དང་བློན་མདོ:བཞེར:གཉིས་གྱྀས་གཙེ་ནམ:ཡོར:དུ:བསྡུསྟེ:བློན་ཆེན་པོ:སྣང་བཞེར:ལས་སྩོགས:པས:རྒྱའི་མཁར་ཙོང་ཀ།

29 ཆེན་པོ:དང་པེག:ཤིང་ཀུན:གཉིས:ཕབ:པར:ལོ:ཅིག།

107-29 (ཁྱྀའི་ལོ་ལ་བབསྟེ)དབྱར:བཙན་པོ:ཁྲི་སྲོང་ལྡེ་བརྩན་གྱི་

30 ཕོ:བྲང:ཟུ:སྤུག:ན་བཞུགསྟེ:བློན་ཆེ:སྣང་བཞེར:བོད:ཡུལ:དུ:སླར་མཆྀས:མདོ:སྨད་གྱི་དབྱར་འདུན:ཞང་སྟོང:

31 རྩན་གྱྀས:དབུ:ཤིང་ཉག:དུ་བསྡུསྟེ:ཡུལ:ཡུལ:དུ་ཆད་ཀ་བགྲངས། དགུན་བཙན་པོའི:ཕོ:བྲང་བྱར་གྱི:ལྕང:བུ:ན:

32 བཞུགསྟེ:མདོ:སྨད་གྱྀ:དགུན་འདུན་གཙེ་ནམ:ཡོར་དུ:བསྡུསྟེ:ཆད་ཀའྀ་རྩིས:བགྱིས:བློན:ཁྲི:བཟང་དང་སྐྱེས:བཟང་

33 སྟག:སྣང་ལས:སྩོགས:པས:ཁར་ཙན་ལེང་ཅུ:ཕྱོགས་སུ:དྲ:མ:དྲངས:པར:ལོ:ཅིག།

108-34 (ཕགི་ལོ་ལ་བབསྟེ)དབྱར:བཙན་པོའྀ:ཕོ་བྲང་སྟོད་གྱྀ:མཁོ:ན་བཞུགསྟེ:མདོ་སྨད་གྱྀ་དབྱར་འདུན:བློན་ཁྲྀ་སྒྲ:དང:བློན་མདོ་བཞེར་གྱིས་

35 དབུ:ལེར་བསྡུས:ཏེ:སུམ:རུ:པལ:པོ:ཆེ:ཡྀག་གཙང་སྩལ:བློན་ཁྲི:བཟང:དང་ཞང་སྟོང་རྩན......གཉྀས:འ:ཞ:ཡུལ:དུ:

36 མཆིས:དགུན་བཙན་པོ:ཕོ་བྲང:ཉེན་ཀར་ན་བཞུགས:དགུན་འདུན་བློན་སྐྱེས:བཟང:སྟག:སྣང་གྱྀས:སློར..བསྡུས་

37 མདོ:སྨད་གྱི:དགུན་འདུན:རག:ཏགྀ་རྨ་རོང་དུ་བློན་ཁྲྀ:སྒྲས:བསྡུས་ཏེ:བློན་ཁྲྀ་བཟང་དང་ཞང་སྟོང....རྩན:དང་ཞང་

38 བཙན་བ:གསུམ:གྱིས:ཙོང་ཀ:ཆུ:དུ་ཕབ:པར:ལོ:ཅིག།

109-38 (བྱི་བའི་ལོ་ལ་བབསྟེ)དབྱར:བཙན་པོའི:པོ:བྲང:མྱང:།

39 སྒྲོམ:དུ་བཏབ:བཙན་པོའྀ:སྲས:བལྟམ:དབྱར་འདུན:ནེ་ཙོ:ལུང་དུ་བློན་ཆེན་པོ:སྣང་བཞེར་གྱྀས

40 བསྡུས:ཏེ་སྟོད་པྱོགས་པོ:ཉ:པྱག:འཚལ:། མདོ:སྨད་གྱྀ:དབྱར་འདུན:བློན་ཁྲྀ་སྒྲང་(སྒྲ)དང་བློན་སྣང:བཞེར་རྩང:

41 ཁོང་གྱིས:རེ:ལུང་བཟསུ་བསྡུས།

110-41 (གླང་གི་ལོ་ལ་བབསྟེ)དབྱར་བཙན་པཽ:ཕོ་བྲང་ཟུ་སྤུགྀ་། ཕོ་བྲང་སྡྀང་སྣ་འཞུགས།

42 དབྱར་འདུན་མལ་ཏྲོའྀ:། བརྫེན་ཐང་དུ་འདུས། མདོ་སྨད་གྱྀ། དབྱར་འདུན་ཉས་གྱྀ་ཞོ་ཐང་དུ་འདུས། ། དགུན་ཕོ་བྲང་

43 བྱར་གྱྀ:ལྕང་བུ་ན་བཞུགས:། ། དགུན་འདུན་སྐྱྀ་བུར་དུ་འདུས། ། མདོ་སྨད་གྱྀ་དགུན་འདུན་གཙེ་ནམ་ཡོར་དུ་འདུས

44 ཏེ་བློན་སྐྱེས་བཟང་ལས:སྩོགས:པས:། ཁར་ཙན་བ་མགོ་དང་ཀེའུ་ཤན་གཉྀས་ཕབ། ། ཞང་སྟོང་རྩན

45 གྱིས་ཟོང་ཅུ་དང་། ཟངས་ཀར་གཉྀས་ཕབ་པར་ལོ་གཅྀག། ༎ །

111-45 (སྟགི་ལོ་ལ་བབསྟེ)ཕོ་བྲང་དབྱར:ས:བྱར་ན་བཞུགས

46 དབྱར་འདུན་གླགྀ:བུ་ཅུང་འདུ་འདུས:། །རྒྱའྀ:ཕོ་ཉ་ཡང་འདོ་ཤྀ་ལས་སྩོགས་པ། ཕྱག:འཚལད་། ། མདོ་སྨད་གྱྀ།

47 དབྱར་འདུན་། དབུ:ལེའྀ:ལྷ་རྀ་མོར་འདུས། །དགུན་ཕོ་བྲང་བྱར་གྱྀ་ལྕང་བུ་ན་བཞུགས། །དགུན་འདུན་སྐྱྀ་བུར་དུ།

48 འདུས། ༎ མདོ་སྨད་གྱྀ་དགུན་འདུན་། གཙེར་བློན་ཁྲྀ་སྒྲ་སྟག་ཚབ་གྱྀས། བསྡུས། རྒྱ་འྀ་དཔྱ་དར་།

49 མོ་ཕྱོགསུ་། སྟོང་དཔོན་ཡན་ཅད་བྱ:སྒར་སྩལད་། ༎ དགུན་སྨད་རྒྱ་རྗེ:ནོངས་ནས། །རྒྱ་

50 རྗེ་གསར་དུ་བཅུག:པ། །དབྱའ་དར་དང་ས་རྀས:ལས:སྩོགས་པ་འབུལ་དུ་མ་རུང་ནས། །ཆབ་སྲྀད་ཞྀག་ནས་

51 ཞང་རྒྱལ་ཟྀགས:དང་ཞང་སྟོང་རྩན་ལས་སྩོགས། པས་། བུམ་ལྀང་ལྕག:ཟམ:རྒལ་ཏེ་། །དྲ་ཅེན་དྲང་སྟེ་།

52 འབུ་ཤྀང་ཀུན་དང་ཟྀན་ཅུ་དང་ག་ཅུ་ལས:སྩོགས་པ། རྒྱའྀ་མཁར་མང་ཕོ་ཕབ:སྟེ། ཞང་རྒྱལ་ཟིགས་

53 སླར་བོད་ཡུལ། དུ། མཆིས་ཏེ། ཞང་རྒྱལ་ཟྀགས། །དང་། བློན་སྟག་སྒྲ:དང་ཞང་སྟོང་རྩན་དང་ཞང་།

54 བཙན་བ་ལས་སྩོགས་པས། ཀེང་ཤྀར་དྲ་མ་དྲངསྟེ་ཀེ(ཀེང་)ཤྀ་ཕབ། །རྒྱ་རྗེ་བྲོས། །ནས། རྒྱ་རྗེ་གསར་དུ་བཅུག།

55 ནས། དྲ་མ། སླར་ལོག་ནས། །ཞང་རྒྱལ་ཟིགས་བོད་ཡུལ་དུ་མོལ་ཅེན་ལ། མཆིས། པར་ལོ་གཅིག།

112-56 (ཡོས་བུའི་ལོ་ལ་བབསྟེ)ཕོ་བྲང་བྱར་གྱྀ་ལྕང་བུ་ན་བཞུགས། །དབྱར་འདུན་གླགྀ་བུ་ཅུང་དུ་འདུས་། །མདོ་

57 སྨད་གྱྀ་དབྱར་འདུན་བློན་ཁྲི་སྒྲ་སྟག་ཚབ་གྱིས། སླ་ཤོད་གྱི་སྣིག་དུ་བསྡུས་། །བོད་ཡུལ་དུ་མོལ་ཅེན་།

58 མོལ:ཅེན་མཛདེ། ༎ ཞང་ལོན་ཆེན་ཕོ། སྤོ་བླག་མཛདེ། བློན་ཆེ

59 སྣང་བཞེར་ཀེ་ཀེ་རུའྀ་ཡྀགེ་སྩལདེ། བློན་ཆེར་བཅུག་། ཞང་རྒྱལ་ཟིགས་ཆེན་ཕོ:གཡུའྀ་

60 ཡིགེ་སྩལད། མགར་འཛི། རྨུན་གྱྀ་ཐང་དུ་ཆོག་ཤེསུ་བསྟོད་། །བློན་ཁྲི་བཟང་བློན་ཅེར་བཅུག། །

61 སྟོང་རྩན་གཡུའི་ཡིགེ་སྩལ་ཏེ། སོ་མཐ་བཞྀ་དམག་ཕོན་དུ་བཀའ་སྩལད་། །པར་ལོ་གཅིག། །

..............

113-87 ༇ བ། བཙན་ཕོ་བྲང་ནས་ཡམ་ཅུ་དང་སྡག་ཅུང་བཟང(བཟང)གྱྀས་་ཀྭ་ཅུ་ཁར་ནང་དུ་

88 མཆིས་པ་འི་དུསུ་ཁར་ནང་ནས་རྒྱཔོ་ཀོ་ཏེ་མཆིས་པའི་ཀམ་ཅུ་མཇལ་དེ་

89 རྨས་པ་མཆིད་ནས་བོད་གྱིས་དྲན་མ་དྲང་དེ་མཆིས་པ་དང་བྱར་ནས་

90 བྲོ་ཡེ་ཀན་ལས་གཏོག་ཏེ། ཕྱིན་ཅད་བདེན་དུས་གཟུང་ཡང་མྱི་རུང་པ་བོད་

91 ཀྱང་ཁྲལ་ཡང་མྱི་རྟ་ད་ཕྱིན་ཅད་ནས་ཟ་གྱི་ཁྲིམ་དང་ཡང་འབྱོར་སྡེ།

92 བཙན་པོའི་ཕོ་བྲང་ལྷ་སྒལ་ནས་བཞུག་སྟེ་བླ་ན་བཀའ་ནན་ཐུར་དྲགས་སྡེ་མཆི......

[编辑]