跳转到内容

གཙུག་ལག་ཁང་མདུན་གྱི་རྡོ་རིངས།

来自Wikisource
唐蕃會盟碑 གཙུག་ལག་ཁང་མདུན་གྱི་རྡོ་རིངས།
168506唐蕃會盟碑 གཙུག་ལག་ཁང་མདུན་གྱི་རྡོ་རིངས།

ནུབ་ངོས་ (གཡས་ཕྱོགས།)

[编辑]

1 大唐文武孝德皇帝與 大蕃聖神贊普 舅甥二主商議社稷如一結立大和盟約永無淪替神人俱以證知世世代代使其稱讚是以盟文節目題之於碑也
2 文武孝德皇帝與聖神贊普 獵贊陛下二聖舅甥濬哲鴻被曉今永之屯亨矜愍之情恩覆其無内外商議叶同務令萬姓安泰所思如一成久遠大喜再續慈親之情重申鄰好之義為此大好矣今
3 蕃漢二國所守見管本界 以東悉為大唐國境已西盡是大蕃境土彼此不為寇敵不舉兵革不相侵謀封境或有猜阻捉生問事訖給以衣糧放歸今社稷叶同如一為此大和然舅甥相好之義善誼
4 每須通傳彼此驛騎一往一來悉遵曩昔舊路蕃漢並於將軍谷交馬其綏戎栅已東大唐祗應清水縣已西大蕃供應須合舅甥親近之禮使其两界煙塵不揚罔聞寇盗之名復無驚恐之患封仁撤備鄉土俱
5 安如斯樂業之恩垂於萬代稱美之聲邊於日月所照矣蕃於蕃國受安漢亦漢國受樂茲乃合其大業耳依此盟誓永久不得移易然三寶及諸賢聖日月星辰請為知證如此盟約各自契陳刑牲為盟設此大
6 約倘不依此誓蕃漢君臣任何一方先為禍也仍須讎報及為陰謀者不在破盟之限蕃漢君臣並稽告立誓周細為文二君之驗證以官印登壇之臣親署姓名 如斯誓文藏於玉府焉

ནུབ་ངོས་ (གཡོན་ཕྱོགས།)

[编辑]


1 ༇ བོད་གྱི་རྒྱ་རྒྱལ་པོ་ཆེན་པོ་
2 འཕྲྱལ་གྱྀ་ལྷ་བཙན་པོ་དང་༎
3 རྒྱའྀ་རྒྱལ་པོ་ཆེན་པོ་རྒྱ་རྗེ་ཧྭང་ཏེ།
4 དབོན་ཞང་གཉིས༎ ཆབ་སྲིད
5 གཅྀག་དུ་མོལ་ནས༎ མཇལ་དུམ་
6 ཆེན་པོ་མཛད་དེ་གཙྀགས་བཅས
7 པ༎ ནམ་ཞར་ཡང་མྱྀ་འགྱུར་པར།
8 ལྷ་མྱྀ་ཀུན་གྱྀས་ཀེས་ཤིང་དཔང་གྱས་
9 ཏེ་༎ ཚེ་ཚེ་རབས་རབས་སུ་གཏམ་བརྗོད་
10 དུ་ཡོད་པའྀ་ཕྱིར༎ མཇལ་དུམ་གྱི་གཙྀགས་
11 ཀྱྀ་མདོ་རྡོ་རིངས་ལ་བྲིས་པའོ
12 ༇ འཕྲུལ་གྱྀ་ལྷ་བཙན་པོ་ཁྲི་གཙུག
13 ལྡེ་བརྩན་གྱྀ་ཞ་སྔ་ནས༎ རྒྱ་རྗེ་
14 བྰུན་བྰུ་ཧེའུ་ཏྀག་ཧྭང་ཏེ་དང༎ དབོན་
15 ཞང་གཉིས༎ སྒམ་དཀྱེལ་ཆེན་པོས་
16 ནི་༎ འཕྲལ་ཡུན་ཡུལ་གྱྀ་ལེགས་
17 ཉེས་ཅྀ་ཡང་བསྲུང་སྟེ༎ ཐུགས་རྗེ་ཆེན་
18 པོས་ནྀ༎ བཀའ་དྲྀན་གྱིས་དགབ་པ་
19 ལ་ཕྱྀ་ནང་མྱེད་པར༎ མང་པོ་ཀུན་བདེ་
20 སྐྱིད་པར་བྱ་བ་ལ་ནྀ་དགོས་པ་གཅྀག
21 ཡུན་རྀང་པོར་ལེགས་པའྀ་དོན་ཆེན་པོ་
22 ལ་ནི་བཀའ་གྲོས་མཐུན་ཏེ༎ གཉེན་
23 རྙིང་པའྀ་སྲི་ཞུ་ནྀ་དང་སྔའི་ཁྱྀམ་ཚེས་
24 དགྱེས་པའི་ཚུལ་སླར་དུ་བརྩེགས་པར་
25 མོལ་ནས་༎ མཇལ་དུམ་ཆེན་པོ་ནི་
26 མཛད་དེ༎ བོད་རྒྱ་གཉིས༎ ད་ལྟར་
27 དུ་མངའ་བའྀ་ཡུལ་དང་མཚམས་སྲུང་
28 ཞིང༎ དེའི་ཤར་ཕྱོགས་ཐམས་ཅད་ནྀ་
29 རྒྱ་ཆེན་པོའི་ཤར་ཡུལ༎ ནུབ་ཕྱོགས་ཐམས་
30 ཅད་ནྀ་ཡང་དག་པར་བོད་ཆེན་པོའི་
31 ཡུལ་ཏེ༎ དེ་ལས་ཕན་ཚུན་དགྲར་མྱྀ་
32 འཐབ༎ དམག་མྱྀ་དྲང། ཡུལ་མྱྀ་
33 མརྣམ་༎ ཡྀད་མ་ཆེས་པ་ཞྀག་ཡོད་
34 ན༎ མྱྀ་བཟུང་ཞིང་གཏམ་དྲྀམ་ཏེ༎
35 བརྫངས་ནས་ཕྱྀར་གཏང་ངོ༎
36 ད་ཆབ་སྲྀང་གཅིག་ཅྀང༎ མཇལ་
37 དུམ་ཆེན་པོ་འདྀ་ལྟར་མཛད་པས༎
38 དབོན་ཞང་དགྱེས་པའི་བཀའ་ཕྲིནད་
39 སྙན་པས་ཀྱང་འདྲུལ་དགོས་ཏེ༎
40 ཕན་ཚུན་གྱྀ་ཕོ་ཉ་འདོང་བ་ཡང༎ ལམ་
41 རྙིང་པར་བྱུང་ནས༎ སྔ་ལུགས་བཞིན་
42 བོད་རྒྱ་གཉིས་ཀྱྀ་བར༎ ཙང་ཀུན་
43 ཡོག་ཏུ་རྟ་བརྗེས་ལ༎ སྕེ་ཞུང་ཆེག་དུ་
44 རྒྱ་དང་ཕྲད་པ་མན་ཅད་ནྀ་རྒྱས་ཕུ་དུད་
45 བྱ༎ ཙེང་ཤུ་ཧྱྭན་དུ་བོད་དང་ཕྲད་པ་
46 ཡན་ཅད་ནྀ་བོད་ཀྱིས་ཕུ་དུད་བྱ་སྟེ༎
47 དབོན་ཞང་ཉེ་ཞྀང་གཉེན་བའྀ་ཚུལ་བཞིན་
48 དུ་༎ སྲྀ་ཞུ་དང་བཀུར་སྟྀའི་ལུགས་
49 ཡོད་པར་སྦྱར་ཏེ་༎ ཡུལ་གཉིས་ཀྱི་
50 བར་ན་དུད་རྡུལ་ནྀ་མྱི་སྣང་༎ གློ་བུར་
51 དུ་སྡང་བ་དང་དགྲའི་མྱྀང་ནྀ་མྱི་གྲག་སྟེ་
52 ས་མཚམས་སྲུང་བའྀ་མྱི་ཡན་ཅད་
53 ཀྱང་དོགས་ཤིང་འཇིགས་པ་མྱེད་པར་
54 ས་ས་མལ་མལ་ན་བག་བརགྐྱང་སྟེ༎ བདེ་
55 བར་འཁོད་ཅྀང༎ སྐྱིད་པའྀ་བཀའ་དྲྀན་
56 ནི་རབས་ཁྲྀའི་བར་དུ་ཐོབ༎ སྙན་པའྀ་
57 སྒྲ་སྐད་ནྀ་གཉི་ཟླས་སླེབས་སོ་ཆོག་ཏུ་
58 ཁྱབ་སྟེ༎ བོད་བོད་ཡུལ་ན་སྐྱིད་
59 རྒྱ་རྒྱ་ཡུལ་ན་སྐྱིད་པའྀ་སྲིད་ཆེན་པོ་
60 སྦྲྱར་ནས་གཙྀགས་བཅས་པ་འདྀ་༎
61 ནམ་ཞར་མྱྀ་འགྱུར་བར༎ དཀོན་མཆོག
62 གསུམ་དང་༎ འཕགས་པའྀ་རྣམས་དང་
63 གཉྀ་ཟླ་དང་གཟ་སྐར་ལ་ཡང་དཔང་དུ་
64 གསོལ་ཏེ༎ ཐ་ཚྀག་གྀ་རྣམས་པས་ཀྱང་
65 པཤད༎ སྲོག་ཆགས་བསད་དེ་མནའ་
66 ཡང་བོར་ནས༎ གཙིགས་བཅས་སོ༎
67 གཙིགས་འདྀ་བཞིན་དུ་མ་བྱས་སམ༎
68 བཤྀག་ན༎ བོད་རྒྱ་གཉིས་གང་གིས་སྔར་ཉེས
69 པ་ལ་སྡྀག་ཅིང༎ ལན་དུ་དཀུ་སྒྱུ་ཅྀ་བྱས་ཀྱང་
70 གཙྀགས་བཤྀག་པ་ལ་མ་གཉོགས་སོ།
71 འདྀ་ལྟར་བོད་རྒྱ་གཉྀས་གྱྀ་རྗེ་བློན་གྱིས་ཞལ་
72 གྱྀས་བཤགས་མནའ་བོར་ཏེ༎ གཙྀགས་
73 ཀྱྀ་ཡྀ་གེ་ཞྀབ་མོར་བྲིས་ནས༎ རྒྱལ་པོ་ཆེན་
74 པོ་གཉྀས་གྱྀ་ནི་ཕྱག་རྒྱས་བཏབ། བློན་པོ་
75 གཙྀགས་འཛིན་པ་ལ་གཏོགས་པ་རྣམས་
76 ཀྱྀ་ནི་ལག་ཡྀག་ཏུ་བྲིས་ཏེ༎ གཙྀགས་ཀྱི་
77 ཡྀ་གེ་ཡང་སོ་སོའྀ་ཕྱག་སྦལ་དུ་བཞག་གོ༎

བྱང་ངོས་

[编辑]


1 ༇ བོད་ཆེན་པོའྀ་བློན་པོ་ཆེ་ཕྲ་མཇལ་
2 བུམ་གྱྀ་གཙིགས་འཛྀན་པ་ལ་གཏོགས་
3 པའི་ཐབས་དང་མྱྀང་རུས་ལ༎

大 相 好 立 寮
蕃 等 登 盟 名
宰 和 壇 官 位

4 ༇ བོད་ཆེན་པོའྀ་ཆབ་སྲིད་ཀྱྀ་བློན་པོ་ཆེན་
5 པོ་བཀའ་ལ་གཏོགས་པའྀ་ཐབས་དང་མྱྀང་
6 རུས་༎

大 宰 同 章 名
蕃 相 平 事 位

7 ༇ བཀའ་ཆེན་པོ་ལ་གཏོགས་ཏེ་ཕྱྀ་ནང་
8 གཉིས་ལ་དབང་ཞིང་ཆབ་སྲིད་འཛིན་པ་
9 བན་དེ་ཆེན་པོ དཔལ་ཆེན་པོ་ཡོན་ཏན

□ □ 平 □ □
□ □ 章 □ □
□ 政 事 □
□ 同 沙 □

10 ༝ ༝ ༝ ༝ དམག་གོ་ཆོག་གྀ་བློན་ཞང་ཁྲྀ་སུམ་རྗེ་སྦེག་ལྷ༎

□ □ 都 平 綺
□ □ 元 章 心
□ □ 帥 事 兒
□ 馬 同 尚

11 ༇ ༝ ༝ བློན་ཆེན་པོ་བློན་ལྷོ་ ༝ ༝

□ 同 章 □ 熱
□ 平 事 □ □

12 ༇ གུང་བློན་ཆེན་པོ་དཔོན་དམག ༝ ༝
13 ༝ ༝ ༝ ༝ བཟང ༝

天 馬 帥 章 □
下 副 同 事 □
兵 元 平 □ □

14 ༇ ཆབ་སྲྀད་ཀྱི་བློན་པོ་ཆེན་པོ་བློན་རྒྱལ་
15 ཁྲི་མདོ་གཟིགས་

□ □ □ □ □
□ □ □ □ □
□ □ □ □ □

16 ༇ ཆབ་སྲིད་ཀྱི་བློན་པོ་ཆེན་པོ་བློན་མཆྀམས་ཞང་
17 རྒྱལ་བཙན་བཞེར་༎

宰 平 論 叵
相 章 結 熱
同 事 贊

18 ༇ ཆབ་སྲིད་ཀྱྀ་བློན་པོ་ཆེན་པོ་ཞང་ཁྲྀ་བཙན་
19 ཁོད་ནེ་སྟང་༎

宰 平 尚 贊 悉
相 章 綺 窟 當
同 事 立 寧

20 ༇ ཆབ་སྲྀད་ཀྱྀ་བློན་པོ་ཆེན་པོ་ཞང་ཁྲྀ་བཞེར་
21 ལྷ་མཐོང་༎

宰 平 尚 熱 通
相 章 綺 貪
同 事 立

22 ༇ ཆབ་སྲྀད་ཀྱྀ་བློན་པོ་བློན་རྒྱལ་བཟང་
23 འདུས་ཀོང་༎

宰 平 論 弩 恭
相 章 頰 悉
同 事 藏

24 ༇ བོད་ཆེན་པོའྀ་བློན་པོ་ཕལ་གྱི་ཐབས་དང་
25 མྱྀང་རུས༎

大 諸 寀 壇 名
蕃 寮 登 者 位

26 ༇ ནང་བློན་མཆྀམས་ཞང་རྒྱལ་བཞེར་ཁོད་ཞེ་
27 བརྩན་༎

曩 琛 頰 窟 贊
論 尚 熱 寧

28 ༇ ཕྱྀ་བློན་བཀའ་ལ་གཏོགས་པོ་ཅོག་རོ་
29 བློན་བཙན་བཞེར་ལྷོ་གོང་༎

紕 羅 屬 贊 公
論 篤 盧 熱
伽 波 論 土

30 ༇ སྣམ་ཕྱི་པ་མཆྀམས་ཞང་བརྟན་བཞེར་སྟག
31 ཙབ་༎

悉 波 旦 諾
南 琛 熱 帀
紕 尚 悉

32 ༇ མངན་པོན་ཁབ་སོ་འོ་ཆོག་གྀ་བླ་འབལ་བློན་
33 ཀླུ་བཟང་མྱེས་རྨ༎

岸 蘇 劫 論 藏
奔 户 羅 矩 名
榼 屬 末 立 摩

34 ༇ བཀའྀ་ཕྲིན་བློན་བྲན་ཀ་བློན་སྟག་བཞེར་ཧབ་
35 ཀེན་

給 勃 論 熱
事 闌 悉 合
中 伽 諾 乾

36 ༇ རྩིས་པ་ཆེན་པོ་རྔེགས་བློན་སྟག
37 ཟྀགས་རྒན་ཁལ་

資 折 論 昔
悉 逋 悉 乾
波 額 諾 窟

38 ༇ ཕྱྀ་བློན་འབྲོ་ཞང་ཀླུ་བཟང་ལྷ་བོ་བརྩན་

紕 盧 樓 他
論 尚 勃 □
沒 □ 藏 贊

39 ༇ ཞལ་ཅེ་པ་ཆེན་པོ་ཞལ་ཅེ་འོ་ཆོག་གྀ་
40 ༞ ༎ མྱང་བློན་རྒྱལ་གེན་ལེགས་ཙན༎

刑 尚 明 結 歴
部 書 論 研 贊

ལྷོ་ངོས་

[编辑]


1 ༇ རྒྱ་ཆེན་པོའྀ་བློན་པོ་ཆེ་ཕྲ་མཇལ་དུམ་གྱྀ་
2 གཙྀགས་འཛྀན་པ་ལ་གཏོགས་པའྀ་ཐབས་
3 དང་མྱྀང་རུས་ལ༎

大 相 好 立 寮
唐 等 登 盟 名
宰 和 壇 官 位

4 ༇ རྒྱ་ཆེན་པོའྀ་ཆབ་སྲྀད་ཀྱྀ་བློན་པོ་ཆེན་པོ་
5 བཀའ་ལ་གཏོགས་པའྀ་ཐབས་དང་མྱྀང་རུས༎

大 宰 同 章 名
唐 相 平 事 位

6 ༇ ཇེང་འགྀ་དའེ་པུ་ཞྀའུ་མུན་ཧ་ཞི་ལང་གི་ཐབས་
7 ཡོད་པ་བཀའ་ཆེན་པོ་ལ་གཏོགས་པ་ ༝ ༝ ༝
8 ༝ ༝ ༝

正 夫 侍 平 □
議 門 郎 章 □
大 下 同 事 □

9 ༇ ༝ ༝ ༝ དའེ་པུ་ཞྀའུ་ཅུང་ཤུ་ཞི་ལང་གི་ཐབས་
10 ཡོད་པ་བཀའ་ཆེན་པོ་ལ་གཏོགས་པ་ ༝ ༝ ༝ ༝

□ 夫 侍 平 □
□ 中 郎 章
大 書 同 事 □

11 ༇ ཐའྀ་ཅྰུང་དའེ་པུ་ཅུང་ཤུ་ཞི་ལང་གྀ་ཐབས་
12 ཡོད་པ་བཀའ་ཆེན་པོ་ལ་གཏོགས་པ་འྭང་ཕ་༎

太 夫 侍 平 王
中 中 郎 章 播
大 書 同 事

13 ༇ ཅྰུང་དའྀ་པྰུ་ཞྀའུ་ཞང་ཤུ་ཧོ་བྰོ་ཞི་ལང་གི་ཐབས་
14 ཡོད་པ་བཀའ་ཆེན་པོ་ལ་གཏོགས་པ་དྰོ་འགྭན་
15 ཡྭེང༎

中 書 侍 平 杜
大 户 郎 章 元
夫 部 同 事 穎


16 ༇ ཇེང་འགྀ་དའེ་པུ་པེང་བོ་ཞང་ཤུ་ཐབས་ཡོད་
17 པ་བཀའ་ཆེན་པོ་ལ་གཏོགས་པ་སེའུ་འབྰེན༎

正 大 兵 尚 蕭
議 夫 部 書 俛

18 ༇ རྒྱ་ཆེན་པོའི་བློན་པོ་ཕལ་གྱྀ་ཐབས་དང་མྱྀང་
19 རུས་

大 諸 寀 壇 名
唐 寮 登 者 位

20 ༇ ཀྀམ་ཙྰྀ་ཀྭང་ལོག་དའེ་ཕུ་ཞང་ཤུ་ཛ་བྰོག་ཡ་འི་
21 ཐབས་ཡོད་པ་ཧན་ཀའུ༎

金 禄 尚 僕 皋
紫 大 書 射
光 夫 左 韓

22 ༇ ཇེའུ་འགྀ་ལང་འགུ་ཤི་ཅུང་ཤྀང་གི་ཐབས་ཡོད་པ་
23 འགྀའུ་སིང་ཞུ༎

朝 郎 史 丞 僧
議 御 中 牛 孺

24 ༇ ཐའྀ་ཅུང་དའྀ་པུ་ཀྰེམ་ཀེའུ་ཞང་ཤུ་ཙ་བོག་ཡ་ལི་
25 བོ་ཞང་ཤུ་ཐབས་ཡོད་པ་ལི་ཀྰང་༎


中 尚 僕 吏 書
大 書 射 部 李
夫 右 兼 尚 絳

26 ༇ འགྀན་ཚེང་ཀྭང་ལོག་དའྀ་ཕྰུ་ཧོ་བོ་ཞང་ཤུ་
27 ཐབས་ཡོད་པ་ཡང་ཨུ་ལིང་༎

銀 禄 户 書 於
青 大 部 楊 陵
光 夫 尚

28 ༇ ཐོང་འགྰྀ་དའེ་པྰུ་ཤྰྀའུ་ལྰེའི་བོ་ཞང་ཤུ་ཐབས་
29 ཡོད་པ་འྭའྀ་ཞྀའུ་༎

通 大 禮 尚 韋
議 夫 部 書 綬

30 ༇ འགྀན་ཚེང་ཀྭང་ལོག་དའེ་པུ་ཀེམ་ཀེའུ་ཞང་
31 ཤུ་ཙ་བྰོག་ཡ་ཀྱམ་ཐའི་ཤང་ཀེང་གྀ་ཐབས་ཡོད་པ་
32 ཅའུ་ཙོང་ཞུ༎

銀 大 右 太 宗
青 夫 僕 常 儒
光 尚 射 卿
禄 書 兼 趙

33 ༇ ཐའི་ཅུང་དའྀ་པྰུ་ལེའི་བྰོ་ཞང་ཤུ་ཀྱམ་
34 ༝ ༝ ཀེང་གི་ཐབས་ཡོད་པ་བྰེའྀ་བུ་

太 夫 尚 司 裴
中 禮 書 農 武
大 部 兼 卿

35 ༇ ཇེང་འགྀ་དའེ་པྰུ་ཞྀའུ་ཀེང་ཅེའུ་ཡུན་ཀྱམ་འགུ་ཤི་
36 དའེ་པྰུ་ཐབས་ཡོད་པ་ལྀའུ་ཀོང་ཅག

正 夫 尹 史 柳
議 京 兼 大 公
大 兆 御 夫 綽

37 ༇ འགིན་ཚེང་ཀྭང་ལོག་དའེ་པྰུ་ཀེམ་ཀེའུ་ཀོང་བོ་ཞང་
38 ཤུ་ཀྱམ་ཙ་ཀྀམ་འགོ་འྭེའྀ་དའྀ་ཙང་ཀུན་གྱི་ཐབས་ཡོད་
39 པ་ཀྭག་ཚུང༎

銀 大 尚 金 將
青 夫 書 吾 軍
光 工 兼 衞 郭
禄 部 右 大 鏦

40 ༇ ཇེའུ་ཅེང་དའེ་པུ་ཞྀའུ་དའྀ་ལི་ཀེང་ཀྱམ་འགུ་ཤི་དའི་
41 པྰུ་ཐབས་ཡོད་པ་ལིའུ་འགྭན་ཏེང་༎

朝 夫 卿 史 劉
政 大 兼 大 元
大 理 御 夫 鼎

42 ༇ ཇེའུ་འགི་ལང་ཞིའུ་ཞང་ཤུ་ཛ་སྰྀ་ལང་ཅུང་ཀྱམ་འགུ་
43 ཤེ་ཅུང་ཤིང་གི་ཐབས་ཡོད་པ་ལྀའུ་ཤི་ལའུ༎

朝 尚 郎 史 師
議 書 中 中 老
郎 左 兼 丞
    司 御 劉

44 ༇ ཅྀང་དེའེ་ཅུང་ཀེང་ཞང་ཤུ་ཀྭག་ལོང་ ༝ ཞྀ ༝ ༝
45 ཅང་ ༝ ༝ དའེ་པྰུ ཐབས་ཡོད་པ་ལི
46 ༝ ༝ ༝ ༝ ༝ ༝ ༎

□ □ □ 監 驍
□ □ □ 察 騎
郎 □ □ 御 □
□ □ □ 史 李
               武

47 ༇ ཇེའུ་སན་ལང་ཀེང་ཅེའུ་ ༝ ༝ ཞེང་ ༝ ༝ུ ༝
48 ༝ ༝ ༝ ཀོ༝ ༝ ཀྱམ ༝ ༝
49 ༝ ༝ ༎

朝 □ □ □ □ □
散 □ □ □ □ □
郎 □ □ □ □ □

ཤར་ངོས་

[编辑]


1 ༇ འཕྲུལ་གྱྀ་ལྷ:བཙན་པོ་ཁྲི་གཙུག་ལྡེ་བརྩནདང༎ རྒྱ་རྗེ་བྰུན་བྰུ་ཧེའུ་
2 ཏིག་ཧྭང་ཏེ་གཉྀས༎ ཆབ་སྲྀད་གཅྀག་དུ་མོལ་ཏེ་མཇལ་དུམ་མཛད་པའི་
3 དབོན་ཞང་གཉྀས་ཀྱི་ཚུལ་ཅི་འདྲ་བ་དང༎ མཇལ་དུམ་མཛད་པའི་
4 གཏན་ཚིགས་རྡོ་རིངས་ལ་བྲིས་པའོ༎
5 ༇ འཕྲུལ་གྱྀ་ལྷ་བཙན་པོ་འོ་ལྡེ་སྤུ་རྒྱལ༎ ཡུལ་བྱུང་ས་དོད་ཚུན་ཅད་
6 འུང་ནས་མྱིའི་རྗེར༎ བོད་ཀྱྀ་རྒྱལ་པོ་ཆེན་པོ་མཛད་པ་ཡང་༎ གངས་རི་
7 མཐོན་པོའི་ནི་དབུས༎ ཆུ་བོ་ཆེན་པོའི་ནི་མགོ༎ ཡུལ་མཐོ་ས་གཙང་
8 བ་ལ་གནམ་གྱྀ་ལྷ་ལས༎ མྱྀའི་རྒྱལ་པོར་གཤེགས་ཏེ༎ གཙུག་ལག
9 ཆེན་པོས་ནྀ་ཡུནད་ཀྱི་སྲིད་བཙུགས་༎ ཆོས་ཁྲིམས་བཟང་པོས་ནྀ་
10 ཚུལ་གནང་༎ བྱམས་པའྀ་བཀའ་དྲིན་གྱྀས་ནྀ་ནང་གྀ་ཆེས་སྦྱརད༎
11 དགྲ་ཐབས་མཁས་ནས༎ ཕྱྀའི་དགྲ་བཏུལ་ཏེ༎ ཆབ་སྲྀད་ནྀ་ཕྱིར་ཞེར་ཆེ་
12 དབུ་རྨོག་ནྀ་སླར་ཞང་བརྩན་པ་༝༝ནམ་ཞར་༝༝་མྱི་འགྱུར༎ བྱིན་མྱི
13 ཉམས་པའྀ་གཡུང་དྲུང་གི་རྒྱལ་པོ་ཆེན་པོ་ནྀ་ཆེ༎ དེའྀ་ཕྱིར༎ ལྷོ་ཕྱོགས་
14 ཀྱྀ་མོན་རྒྱ་གར་དང༎ ནུབ་ཕྱོགས་ཀྱྀ་ཏ་ཟིག་དང་༎ བྱང་ཕྱོགས་ཀྱྀ་དྲུ་གུ་ནེ་
15 སྨེལ་ལ་སྩོགས་པ༎ གཡུལ་༝་རྒྱལ་པོ་སྡོམ་ན༝༝ོར་བྱ་བ་ཀུན་ཀྱེ་༝༝༝
16 འཕྲུལ་གྱྀ་ལྷ་བཙན་པོའི་དབུ་རྨོག་བརྩན་པོ་དང་༝༝༝༝་ང་བོར་ནྀ་
17 ཕྱོགས་མྱྀ་གུས་པ་མྱེད་དེ༎ ཕན་ཚུན་དགྱེས་ཤིང་བཀའ་སྩལད་དོ་ཆོག
18 ཉན་པ་ཡིན༎ ཤར་ཕྱོགས་ནྀ་རྒྱ་འདུག་པ༎ མཚོ་ཆེན་པོའི་༝༝་ཉི་མ་
19 ཤར་པ་ལོགས་ཀྱྀ་རྒྱལ་པོ་སྟེ༎ ལྷོ་བལ་གཞན་དང་མྱྀ་འདྲ་བར་༝༝་༝༝༝
20 ཆོས་བཟང་༎ གཙུག་ལག་ཆེ་བས༎ བོད་དང་ཡང་༎ འཐབ་ཀྱྀ་ཟླ་༝༝༝༝༝
21 གྱི་དོ་སྟེ༎ དང་པོ་རྒྱ་རྗེ་ལྀ་རྒྱལ་སར་ཞུགས་ནས༎ དེའི་ཏང་གི་སྲྀད་ལོ་ཉི་ཤུ
22 རྩ་གསུམ་ལོན༎ རྒྱལ་རབས་གཅྀག་གི་འོག་ཏུ༎ འཕྲུལ་གྱྀ་ལྷ་བཙན་པོ་
23 ཁྲི་སྲོང་བརྩན་དང༎ རྒྱ་རྗེ་ཐེའེ་ཙོང་བྰུན་བུ་ཞེང་ཧྭང་ཏེ་གཉྀས༎ ཆབ་
24 སྲིད་གཅྀག་དུ་མོལ་ནས༎ ཅེང་ཀྭན་གྱྀ་ལོ་ལ༎ མུན་ཤེང་ཀོང་ཅོ༎
25 བཙན་པོའི་ཁབ་དུ་བླངས༎ ཕྱིས་འཕྲུལ་གྱྀ་ལྷ་བཙན་པོ་ཁྲི་ལྡེ་གཙུག
26 བརྩན་དང་རྒྱ་རྗེ་སམ་ལང་ཁའེ་འགྭན་ཤེང་བྰུན་ཤྀན་བྰུ་ཧྭང་ཏེ་གཉྀས༎
27 ཆབ་སྲིད་གཅྀག་དུ་མོལ་ཏེ༎ གཉེན་བརྩེགས་ནས༎ ཀེང་ལུང་གྀ་ལོ་ལ་
28 ཁྀམ་ཤྀང་ཀོང་ཅོ༎ བཙན་པོའྀ་ཁབ་དུ་བླངས་ནས༎ དོབན་ཞང་དུ་འགྱུར་
29 ཏེ་དགྱེས་པ་ལས༎ བར་འགའ་ཕན་ཚུན་གྱྀ་སོའི་བློན་པོས་གནོད་པ་
30 དག་རྡུལ་བྱས་ཀྱང་༎ གཉེན་པའྀ་ཚབ་གང་དུ་བྱ་བ༎ ཐུགས་བྲེལ་ཆེན་
31 པོའི་དག་གྀ་ཚེ༎ དམག་སྟོངས་ཀྱིས་ཕན་ཐོགས་པར་བྱས་པ་དང་༎ ཕན་ཚུན་
32 ཐུགས་ནོངས་བྱུང་ངོ་ཆོག་ན༎ དགྱེས་སྣང་དག་ཀྱང་མ་ཆད་པར་བསྲིས་ཏེ་༎
33 འདྀ་ལྟར་ཉེ་ཞེང་གཉེན་བ་ཡྀན་ན༎ དབོན་ཞང་གྀ་ཚུལ་ཁོ་ན་ལྟན༎ ཐུགས་
34 ཡྀ་དམ་ཕབས་པ་ལས༎ བཙན་པོ་ཡབ་ལྷ་འཕྲུལ་ཁྲི་ལྡེ་སྲོང་བརྩན་གྱི་ཞ་
35 སྔ་ནས༎ སྒམ་དཀྱེལ་ཆེན་པོས་ནྀ༎ ཆོས་སྲིད་ཅི་ལ་ཡང་མཁས་ཤིང་གསལ་
36 བྱམས་པའྀ་བཀའ་དྲིན་གྱིས་ནྀ༎ ཕྱི་ནང་མྱེད་པར༎ ཕྱོགས་བརྒྱད་དུ་ཁྱབ་སྟེ་
37 མཐ་བཞྀ་རྒྱལ་པོ་ཀུན་དང་ཡང་མཇལད་ཅིང་འདུམ་བར་མཛད་ན༎ རྒྱ་དར་ལྟ་
38 ཞིག༎ གཉེན་རྩེག་པ༎ ཡུལ་ཁྱྀམ་ཚེས་ཡིན་པས༎ ལྷག་པར་ཆབ་སྲིད་
39 གཅྀག་དུ་དགྱེས་ཏེ༎ ཕན་ཚུན་དབོན་ཞང་དགོངས་པ་མཐུན་ནས༎ རྒྱ་རྗེ་ཞེང་
40 ཤྀན་བྰུན་བྰུ་ཧྭང་ཏེ་དང༎ མཇལ་དུམ་དུ་མོལ་ཏེ༎ བཀའ་ཁོན་རྙིང་པ་ནི་།
41 སྤྱངས་ཤིང་གསལད༎ དགྱེས་པ་གསར་ནྀ་བསླས་ཤྀང་བསྟུང་ནས༎ དེ་ཚུན་
42 ཆད༎ བཙན་པོ་དབོན་ནྀ་སྐུ་ཚེ་གཅྀག༎ རྒྱ་རྗེ་ཞང་ནྀ་གདུང་རབས་གསུམ་གྱྀ་
43 བར་དུ༎ བཀའ་ཁོན་གྱི་བཅུགས་ནྀ་མ་བྱུང༎ དགྱེས་པའི་སྲི་ཞུ་ནྀ་ཕན་ཚུན་
44 ཕྱང་དེ༎ ཕོ་ཉ་གཅེས་པ་ལས༎ བཀའ་ཕྲིན་སྙན་པ་དང༎ དཀོར་ནོར་
45 པཟང་པོས་ནྀ༎ རྒྱུན་དུ་འཐུལ་ན༎ མཇལ་དུམ་གྱི་མདོ་ཆེན་པོ་གཙིགས་
46 བཅ་བ་ལྟ་བུ་ཡང་མ་གྲུབ༎ དབོན་ཞང་མོལད་པའྀ་རྗེས་ཀྱང་ཚར་མ་ཕྱིན་པར
47 ཐུགས་ནོངས་ཀྱིས་བརྩལ་ཏེ༎ བར་གྱི་གཅུགས་རྙིང་པ་ཕྲན་ཚེགས་ཀྱི༎
48 དོགས་ཕྲིག་གྀས༎ ལེགས་པ་ཆེན་པོའི་སྐུ་དོན༎ ཕྱི་ལྕིགས་ཤེ་དག་དུ་གྱུར
49 ནས་༎ དགྲ་ཆོས་ཀྱྀ་ཐབས་དང༎ དམག་བརྩན་པོ་དག་ཀྱང་མྱྀ་རྔུལ་དུ་མ་
50 རུང་སྟེ༎ དགྲ་ཟུན་གྱི་ཚུལ་དུ་གྱུརད་གྱིས་ཀྱང༎ ཡོང་ཉེ་ཞིང་གཉེན་ལ་
51 འཕྲུལ་གྱྀ་ལྷ་བཙན་པོ་ཁྲི་གཙུག་ལྡེ་བརྩན་གྱི་ཞ་སྔ་ནས༎ མཁྱེན་པ་ནི༎
52 འཕྲུལ་གྱྀ་ཚུལ་ཆགས་༎ མཛདཔ་ནྀ་ལྷའི་ལུགས་དང་མཐུན་ཏེ༎ བཀྰ
53 དྲིན་ཆེན་པོས༎ ཕྱྀ་ནང་གཉིས་སུ་སྙོམས་ཤིང་༎ དབུ་རྨོག་བརྩན་༎ བཀའ་
54 ལུང་གཉན་ཏེ༎ རྒྱ་རྗེ་བྰུན་བྰུ་ཧེའུ་ཏིག་ཧྭང་ཏེ་དང་དབོན་ཞང་གཉྀས་
55 འཕྲུལ་གྱི་དགོངས་པ་ནྀ་མཐུན་ཏེ༎ བོད་རྒྱ་ཆབ་སྲིད་ནྀ་གཅྀག་སྟེ༎
56 བོད་རྒྱ་གཉྀས༎ རབས་ཁྲྀར་བདེ་སྐྱིད་པའྀ་མཇལ་དུམ་ཆེན་པོ་མཛད་ནས་
57 རྒྱ་ཡུལ་དུ་ནྀ༎ ཀེང་ཤྀའི་ནུབ་ཕྱོགས་ཤེག་སང་སྀའི་དྲུང་དུ༎ བོད་ཆེན་
58 པོའི་ལོའི་མྱིང་ནྀ་སྐྱིད་རྟག་ལོ་བདུན༎ རྒྱ་ཆེན་པོའི་ལོའི་མྱིང་ནྀ་༎
59 ཅང་ཀེང་ལོ་དང་པོ་ལྕགས་མོ་གླང་གྀ་ལོའི་དགུན་སླ་ར་བ་ཚེས་བཅུ་ལ
60 དཀྱྀལ་འཁོར་ལ་འཛེགས་ནས༎ རྒྱ་ཡིས་གཙྀགས་བཟུང་ངོ༎ བོད་
61 ཡུལ་དུ་ནྀ༎ ཕོ་བྲང་ལྷ་སའྀ་ཤར་ཕྱོགས་སྦྲ་སྟོད་ཚལ་དུ་༎ བོད་ཆེན་པོའི་
62 ལོའི་མྱྀང་སྐྱྀད་རྟག་ལོ་བརྒྱད་༎ རྒྱ་ཆེན་པོའི་ལོའི་མྱིང་ཅང་ཀེང་ལོ་
63 གཉྀས༎ ཆུ་ཕོ་སྟག་གྀ་ལོའི་དབྱར་སླ་འབྲྀང་པོ་ཚེས་དྲུག་ལ༎ དཀྱྀལ་
64 འཁོར་ལ་འཛེགས་ཏེ༎ བོད་ཀྱྀས་གཙྀགས་བཟུང་ངོ༎ གཙྀགས་ཀྱྀ་
65 མདོ་རྡོ་རིངས་ལ་བྲིས་པ་ཡང༎ བོད་ཆེན་པོའི་ལོའི་མྱིང་སྐྱིད་རྟག
66 ལོ་དགུ་༎ རྒྱ་ཆེན་པོའི་ལོའྀ་མྱིང་ཅང་ཀེང་ལོ་གསུམ༎ ཆུ་མོ་ཡོམ་
67 བུ་ལོའི་དཔྱྀད་སླ་འབྲིང་པོ་ཚེས་བཅུ་བཞྀ་ལ༎ རྡོ་རིངས་ལ་ཡི་གེ་བྲིས་སོ༎
68 རྡོ་རིངས་འདི་འདྲྀ་བའི་སྤྱན་ཡང་༎ རྒྱའི་ཕོ་ཉ་ཐབས་༎ འགུ་
69 ཤེའུ་ཞང་ཤིང་ཡོད་པ་། དོ་ཙེའི་དང་། ཐབས་ཙན་ཤན་དེ་བྰུ་ཡོད་པ།
70   ལསྩོགས་པས་བྱས་སོ༎ གཙིགས་གྱི་མདོ་རྡོ་རིངས་ལ་བྲིས་པ་འདྀ་
71 དང་འདྲ་བ་གཅིག༎ རྒྱའྀ་ཡུལ་ཀེང་ཤྀར་ཡང་གཙུགས་སོ༎