Jump to content

Page:སྙན་བརྒྱུད་ཁྲིད་ཆེན་བཅུ་གསུམ་གྱི་སྐོར། པོད་ལྔ་བ།.pdf/89

From Wikisource
This page has been proofread.
༄༅། །པ་ཡིན་གསུངས། དེ་ལྟ་བུའི་ཡོན་ཏན་དུ་མ་དང་ལྡན་པའི་བྱང་སེམས་ཀུན་དགའ་ཉི་མའི་དྲུང་དུ། ཁམས་ཀྱི་བྱ་བྲལ་ཞེན་པ་རང་གྲོལ་བདག་གིས།

ཟབ་བུ་ལུང་གི་དྭགས་ཀྱི་གཏེར་ལུང་གསུམ་པར་ལོ་གསུམ་གྱི་བར་དུ། ཀུན་ཏུ་བཟང་པོ་དགོངས་པ་ཟང་ཐལ་གྱི་དབང་བཀའ། ཁྲིད་བཀའ། རྒྱུད་མན་ངག་ ལག་ཁྲིད། ཞལ་གདམས་དང་བཅས་པ་ཡོངས་སུ་རྫོགས་པར་ཞུས་པའོ། །ཀུན་ཏུ་བཟང་པོ་དགོངས་པ་ཟང་ཐལ་གྱི་ལོ་རྒྱུས་རིན་པོ་ཆེའི་འཕྲེང་བ་ཞེས་བྱ་བ་འདི། གྲོགས་མཆེད་རྣམས་ཀྱིས་ཡང་ནས་ཡང་དུ་བསྐུལ་བའི་ངོར། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ། ཏྲ་ཡེ་ཀ་དུས། ཀ་ཐོག་རྡོ་རྗེ་གདན་གྱི་ནུབ་

ཕྱོགས༑ ཟེ་མོ་བདེ་ཆེན་རི་ཁྲོད་དུ། སྟོན་ཟླ་འབྲིང་པོའི་ཡར་ཚེས་གསུམ་ལ་སྦྱར་བའོ། །བཀྲ་ཤིས་དཔལ་འབར་དོན་གཉིས་ལྷུན་གྲུབ་ཤོག། དགེའོ།། །།