Jump to content

Page:སྙན་བརྒྱུད་ཁྲིད་ཆེན་བཅུ་གསུམ་གྱི་སྐོར། པོད་ལྔ་བ།.pdf/79

From Wikisource
This page has been proofread.
༄༅། །བཀའ་སྲུང་གི་དམ་རྒྱ་དང་བཅས་པ་མཛད་དོ། །དེ་ནས་རི་བོ་བཀྲ་བཟང་གི་དགོན་པར། བསྐྱེད་རྫོགས་ཀྱི་དོན་ལ་སྒྲུབ་པ་མཛད་ཅིང་།

མངོན་སུམ་འོད་གསལ་གྱི་དགོངས་པ་ལ་བཞུགས་པའི་ཚེ། ཡི་དམ་ལྷའི་ཞལ་གཟིགས་ཤིང་། མཁའ་འགྲོའི་ལུང་བསྟན་ཐོབ། ཉིན་མཚན་འོད་གསལ་གྱི་ངང་དུ། རིགས་ལྔའི་ཞིང་ཁམས་ལ་ལོངས་སྤྱོད་ཅིང་། བཀའ་སྲུང་དམ་ཅན་རྣམས་དང་མི་དང་མི་བཞིན་དུ་འགྲོགས་པ། གསང་སྔགས་ཀྱི་མཆོག་ཐུན་མོང་གི་ཡོན་ཏན་མཐའ་ དག་ལ་མངའ་བརྙེས་པའི་གྲུབ་ཐོབ་གཅིག་ཏུ་བཞུགས་སོ། །དེས་དཔོན་པོ་མཆོག་བཟང་ལ་གསུངས། དེ་ཡང་སྐྱེ་ས་རུས་རིགས་ནི། ཀུན་སྤངས་དོན་ཡོད་རྒྱལ་

མཚན་གྱི་དཔོན་པོ་ཡིན་པས་མཐུན་ལ། ཆུང་ནས་དད་པ་ཆེ་ཞིང་ཆོས་ལ་དཀར་བ། སྔོན་གྱི་སྦྱངས་པའི་མཚན་རྟགས་དུ་མ་དང་ལྡན་པ་དེ། བླ་མ་གོང་མའི་རྗེས་སུ་