Jump to content

Page:སྙན་བརྒྱུད་ཁྲིད་ཆེན་བཅུ་གསུམ་གྱི་སྐོར། པོད་ལྔ་བ།.pdf/66

From Wikisource
This page has been proofread.
གེ་ཅན་དེ་རྩ་བ་ཡིན། །ཡི་གེ་མེད་པ་སྙིང་ཐིག་ཡིན། །གཉིས་ཀ་གཏད་པ་ཐུགས་སྲས་ཡིན། །རང་བྱུང་པདྨའི་གཏད་རྒྱའོ། །བྷི་མ་ལ་ཡི་ཞལ་ནས་ཀྱང་། །

དུས་འདིར་སྨོན་ལམ་ཡོད་པའི་རིགས། །ཁྱིམ་བདག་བུ་ཡི་སྐྱེ་རྒྱུད་ཅིག །རྩོད་ལྡན་དུས་ན་སྟོང་དུ་འབྱུང་། །དེ་ཕྱིར་ང་ཡི་ལས་འཕྲོ་ན། །རྫོགས་པ་ཆེན་པོའི་ སྣོད་ཡིན་པས། །ང་ཡི་སྙན་བརྒྱུད་ཟབ་མོ་འདི། །རྡོ་རྗེ་སེམས་དཔའི་ཐུགས་ཀྱི་བཅུད། །ལས་ཅན་རེ་ལ་གཏད་པར་བྱ། །དུས་དེར་ཆོས་བདག་གཏན་ལ་ཕོབ། ། རང་གིས་ཉམས་སུ་བླངས་གྱུར་ན། །དུང་མདོག་དུང་གི་སྐྲ་ཤད་ཅན། །བོང་ཐུང་སྙིང་གར་སྨེ་བ་ཅན། །ཚོང་འདུས་ཆེན་པོའི་དབུས་ན་འོང་། །དེ་ལ་སྙན་རྒྱུད་ཟང་

མོ་གཏོང་། །ཡི་གེ་ཅན་གྱི་སྙན་བརྒྱུད་དེ། །ལས་འཕྲོ་ལྡན་པ་འགའ་ལ་སྟོན། །ཡི་གེ་མེད་པའི་སྙན་བརྒྱུད་དེ། །རྟགས་དང་ལྡན་པ་དེ་ལ་གཏོད། །རྟགས་མེད་