Jump to content

Page:སྙན་བརྒྱུད་ཁྲིད་ཆེན་བཅུ་གསུམ་གྱི་སྐོར། པོད་ལྔ་བ།.pdf/518

From Wikisource
This page has been proofread.
རྩ་ཐིག་རླུང་གསུམ་གྱི་གེགས་སེལ་ནི་ཆགས་ལམ་གསང་ཁྲིད་རྣམས་ཀྱི་སྐབས་སུ་ཤེས་སོ། །གསང་བ་ཉམས་ཀྱི་གེགས་སེལ་བ་ནི། མུན་པའི་རྣལ་འབྱོར་ལ་ཞུགས་

ནས༑ བློ་ཡིད་གཉིས་ཐེ་ཚོམ་གྱི་བསམ་པ་རྟོག་དཔྱོད་མང་པོ་ལ་འཕྲོ་ན། ཐག་ཆོད་ཀྱི་གདེངས་བརྟེན་ཏེ་ལེགས་རུང་ཉེས་རུང་དེ་ཉིད་ལ་བློ་ལྷན་གྱིས་བཀལ་ལ་ཉམས་སུ་ ལེན་ནོ། །ཡང་རྩ་མདུད་གྲོལ་བའམ། གནས་དྲུག་གི་རླུང་གནད་དུ་ཚུད་པས། བར་དོ་དང་རིགས་དྲུག་གི་གནས་འབྱོངས་ཤར་ཞིང་བསྔངས་སྐྲག་སྐྱེས་ན། བླ་མའི་ གྲོགས་ཀྱིས་རིགས་དྲུག་ཏུ་སྣང་བ་རང་གི་སེམས་ལས་དོན་ལོགས་ན་གྲུབ་ཏུ་མེད་དོ། །མེད་བཞིན་སྣང་བ་རྨི་ལམ་དང་སྒྱུ་མ་ལྟ་བུའི་དཔེ་བཤད། ལུས་སྟོང་ པ་ཕྲུ་མ་ལྟར་བསྒོམ་ཞིང་བག་ཡངས་སུ་གློད། འཇིགས་སྣང་སྐྱེ་དུས་མཆན་རྩ་གཉིས་ལག་པས་བསྣོལ་མར་བསྡམ་ཞིང་རྡོ་རྗེའི་རྦ་རླབས་བྱའོ། །ཡང་རྟོག་པ་འོག་

འགྱུ་ལུང་མ་བསྟན་དང་། ཉམས་ལ་འབྱམས་ནས་ཡུན་སོང་བ་མ་ཚོར་གནས་འབྱམས་ལ་སོང་ན། སྐྱོ་ཤས་དང་ངེས་འབྱུང་གི་རིག་པ་ལ་ངར་བཏབས། དབང་