This page has been proofread.
༄༅། །པས་བྱུགས་ཤིང་འཕུར། རྗེས་ལ་རྩམ་པས་ཕྱིའོ། །ཡང་མགོ་ན་བ་དང་། འཐོམ་པ་དང་། སྐྱུགས་ལོག་པ་རྣམས་ལ་ཕར་ཆེར་ཅུང་ཟད་
གཡེང་བས་ཕན། དེས་མ་ཕན་ན། མཐིལ་བཞི་དང་ཐོད་སྲུབ་རྣམས་ལ་སྣུམ་ཚན་བྱུགས་སོ། །ཡང་མིག་རྩ་ལ་སོགས་པ་མ་བདེ་ན། ལག་པའི་མཐིལ་གཉིས་དྲག་ཏུ་ འཕུར་བའི་དྲོད་ཡང་ཡང་མིག་ལ་སྦྱར། དེས་མ་ཕན་ན་གཞན་ནས་བྱུང་བ་ལྟར་མིག་གི་སྨན་སྦྱོར་གང་འཕྲོད་བསྟེན་པར་བྱའོ། །མདོར་ན་རླུང་མཁྲིས་བད་ཀན་ལ་ སོགས་གང་ལ་གང་ཕན་གྱི་ཟས་དང་སྨན་བསྟེན་ནོ། །ཁམས་རིགས་ཀྱི་གེགས་སེལ་ལ། མེ་ཤས་ཆེ་བའི་མིས་གོས་སྲབ་གདན་མལ་དམའ་བར་བྱའོ། །རླུང་ཤས་ ཆེ་ན་ཟས་དྲོད་ཅན་བསྟེན། ལྟ་སྟངས་ཕབ་བོ། །ས་ཤས་ཆེ་ན་མལ་སྤོ་ཅུང་ཟད་ཉི་མ་དང་སྤེལ་ལོ། །ཆུ་ཤས་ཆེ་ན་བསིལ་དྲོད་སྙོམས་པ་དང་། ལུས་གནད་ཅུང་ཟད་
ཐུན་དུམ་བུར་མཐུད་དོ། །མདོར་ན་བླ་མ་ཉམས་རྟོགས་དང་ལྡན་པ་གཅིག་གིས་ཁྲིད་དེ་གང་འོས་ལམ་དུ་གང་འགྲོ་ཐམས་ཅད་ལ་རིགས་པའི་མདའ་བསྣུན་ནོ། །ནང་