Jump to content

Page:སྙན་བརྒྱུད་ཁྲིད་ཆེན་བཅུ་གསུམ་གྱི་སྐོར། པོད་ལྔ་བ།.pdf/501

From Wikisource
This page has been proofread.
༄༅། །ཤེས་ཀྱི་རོ་མཆོག་བརྒྱ་དང་ལྡན་པའི་རོ་མཉམས་སུ་མྱོང་བར་འགྱུར་རོ། །འཁྲུལ་པའི་རེག་བྱ་གནས་སུ་དག་ནས་ཡེ་ཤེས་ཀྱི་རེག་བྱ་བདེ་བ་ཆེན་པོའི་དྲོད་ལ་སྤྱོད་པར་འགྱུར་

རོ། །དེ་ཡང་ཡེ་ཤེས་ཀྱི་རང་སྣང་དང་། རྣམ་ཤེས་འཁྲུལ་སྣང་གཉིས་ཀྱི་ཁྱད་པར་ནི། ད་ལྟ་གློ་བུར་བག་ཆགས་ཀྱི་འཁྲུལ་གཟུགས། སྒོ་ལྔ་རྣམ་ཤེས་ཀྱི་གསལ་ཆ། ས་ཆུ་མེ་རླུང་གི་གཟུགས་ བརྙན། རྣམ་ཤེས་འཁྲུལ་སྣང་གི་ངོ་བོ་ཁ་ཙམ་ལས་གཞན་ཕྱི་ནང་བར་གསུམ་གང་ནའང་མི་སྲིད་དོ། །གནས་ལུགས་རང་སྣང་གི་བྱེ་བྲག་རྣམས་ནི། གཉེན་པོས་བཤིག་ཏུ་མེད་ཅིང་ འགྱུར་བ་མེད་ལ། རྣམ་ཤེས་འཁྲུལ་སྣང་གི་ལུས་གཟུགས་སམ། བག་ཆགས་སེམས་ཀྱི་སྣང་བ་འདུས་པ་འདི་བྲལ་བའི་ཆོས་ཅན། དཔྱད་མི་བཟོད་གློ་བུར་གྱི་ མཚན་ཉིད་ཅན་ཡིན་པའི་ཕྱིར། འདི་མ་ནོར་བར་ངོ་སྤྲད་དགོས་པའོ།། ༈ །།གསུམ་པ་ངོ་འཕྲོད་པའི་དོན་དེ་ཉམས་སུ་བླང་བ་ནི། དེའི་ཚེ་འོད་

གསལ་གྱི་སྣང་བ་གང་འཆར་བ་དེ་མ་ཡལ་གྱི་བར་དུ་ལུས་སེམས་ངག་གི་བྱ་བ་ཕྲལ་ཏེ་བྱ་བྲལ་བློ་འདས་ཉག་གཅིག་གི་དྲན་སྣང་ལྷུག་པར་འཆར་བའི་ངང་དེའི་ཐོག་ཏུ་