This page has been proofread.
འདོགས་མི་ནུས་པའི་རླུང་། སྡུག་བསྔལ་མེད་པའི་དམྱལ་བ། བཀྲེས་སྐོམ་མེད་པའི་ཡི་དྭགས། གླེན་ལྐུགས་མེད་པའི་དུད་འགྲོ། བྲེལ་ཕོངས་མེད་པའི་སྡེ་
རིགས། འཁོན་སེམས་ཕྲག་དོག་མེད་པའི་ལྷ་མ་ཡིན་གྱི་བྱེ་བྲག །དགའ་སེམས་འདོད་འཇོ་མེད་པའི་མཐོ་རིས་ལྷ་ཚོགས་གཉིས། འདྲེན་སྟོན་མི་ནུས་པའི་སྟོན་པ། གསུང་ མི་ཤེས་པའི་ཆོས་འཆད། ཡོན་ཏན་མི་ཤེས་པའི་ཆོས་ཉན། བཟང་ངན་མེད་པའི་སྟོན་འཁོར། རྣམ་པ་ཡུལ་ན་མེད་པའི་འཇིག་རྟེན་བརྟན་གཡོ། ཞེས་གསུངས་ པ་ལྟ་བུའམ། དོན་དེ་ཉིད་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཁོ་ན་ཉིད་ཡིན་པའི་པའི་ཕྱིར། མདོ་རྒྱུད་རྣམས་ཀྱི་ལུང་གིས་ངེས་པའི་ཕྱིར་ཐེ་ཚོམ་མེད་པའི་ཚུལ་གྱི་ ཁུངས་དྲངས་ན་མང་དུ་ཡོད་ཀྱང་ཡི་གེ་མང་གི་དོགས་ནས་ལུང་སྦྱོར་ཐམས་ཅད་མ་བྲིས། དེའི་ཚེ་འཁྲུལ་པ་གནས་སུ་དག་ནས་ཡེ་ཤེས་ཀྱི་རང་སྒྲ་འུར་འུར་སིང་
སིང་པོ་དེ་ཆོས་ཀྱི་སྒྲ་སྒྲོགས་སུ་ཐོས་པར་འགྱུར་རོ། །འཁྲུལ་པའི་དྲི་གནས་སུ་དག་ནས་ཡེ་ཤེས་ཀྱི་དྲི་ཟག་པ་མེད་པ་ཚོར་བར་འགྱུར་རོ། །འཁྲུལ་པའི་དྲི་གནས་སུ་དག་ནས་ཡེ་