Jump to content

Page:སྙན་བརྒྱུད་ཁྲིད་ཆེན་བཅུ་གསུམ་གྱི་སྐོར། པོད་ལྔ་བ།.pdf/485

From Wikisource
This page has been proofread.
༄༅། །དང་རྒྱབ་གྱེས་པའོ། །དུག་ལྔ་ཡེ་ཤེས་སུ་ཤར་བའོ། །ཉོན་མོངས་མ་སྤངས་གནས་སུ་དག་པའོ། །ཆོས་ཉིད་མངོན་

སུམ་གྱི་སྣང་བ་མཐོང་བ་ཞེས་བྱའོ། །སངས་རྒྱས་སྟོང་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱིས་དབང་དུས་གཅིག་ལ་ བསྐུར་བ་ཞེས་བྱའོ། །རིག་པའི་རྩལ་དབང་ཐོབ་པ་ཞེས་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཞལ་ མངོན་སུམ་དུ་མཐོང་བ་ཞེས་བྱའོ། །བྱིན་རླབས་ཀྱང་རང་བཞིན་གྱིས་འབྱུང་ངོ་། །མདོ་རྒྱུད་མན་ངག་ཐམས་ཅད་ཀྱི་དགོངས་དོན་མཐར་ཐུག་གི་བཞག་ སོ་ནི༑ རྡོ་རྗེ་ལུ་གུ་རྒྱུད་ཐིག་ལེ་ཐིག་ཕྲན་དང་བཅས་པའི་སྣང་བ་འདི་ཁོ་ན་ཡིན་ནོ། །དེ་ལྟར་ཚིག་དེ་དག་ལས་ཅན་ལ་བསྟན་ན་ཚིགས་‚ཚིག་གསུམ་པོ་

འདི་ཡིན་ནོ། །ཀྱེ་མ་རིགས་ཀྱི་བུ། ལུས་སེང་གེ་ལྟ་བུར་བྱས་ནས། མིག་དང་རིག་པ་རང་གི་སྨིན་མཚམས་ཀྱི་ནམ་མཁའ་ལ་མི་འགྱུར་བར་བལྟའོ། །