Jump to content

Page:སྙན་བརྒྱུད་ཁྲིད་ཆེན་བཅུ་གསུམ་གྱི་སྐོར། པོད་ལྔ་བ།.pdf/447

From Wikisource
This page has been proofread.
༄༅། །ཆེ་ཆུང་ཕྱོགས་རིས། ཕྱི་ནང་ལ་སོགས་པ་འདུག་གམ། དེ་རྣམས་ཀྱང་རྒྱུ་གང་གི་བྱས། རྐྱེན་ཅིས་བྱེད། ཞེས་དྲིས་ཞིང་རྩད་བཅད་

དོ༑ །དེ་དག་བྱུང་མཁན་གནས་མཁན། འགྲོ་མཁན་གྱི་སེམས་དེ་དངོས་མེད་དུ་འདུག་ཅེ་ན། མེད་པ་ལ་བྱུང་མཁན་གནས་མཁན་འགྲོ་མཁན་རྙེད་པ་ མཚར། ཞེས་རྩད་བཅད་དོ། །དེ་ལ་ཞག་གསུམ་བྱའོ། །གསུམ་པ་གཅིག་དང་ཐ་དད་ལ་སོགས་དཔྱོད་པ་ནི། སེམས་དེ་དག་ཚོལ་རྒྱུ་གཅིག་གམ་ཐ་དད། གཅིག་ན་སོར་མོའི་རྩེ་མོས་རང་གིས་རང་ལ་མི་རེག་གམ། རལ་གྲི་སོ་ཡིས་རང་གིས་རང་མི་གཅོད་པ་བཞིན་དུ་ཚོལ་མཁན་དང་ཚོལ་རྒྱུ་གཅིག་མི་སྲིད་དོ། །ཐ་ དད་ན། འགྲོ་ལ་ཤེས་རྒྱུད་གཉིས་མི་མངའ་བས། དེ་བཞིན་དུ་བསམ་མཁན་ཁོ་རང་གི་རྒྱུད་ནས་རྒྱང་འཚོ་བྱེད་དོ། །དེ་ཞག་གསུམ་བྱའོ། །བཞི་པ་བདེ་

གསལ་མི་རྟོག་པའི་ཉམས་ཞེན་དཔྱོད་ཚུལ་ནི། བདེ་གསལ་མི་རྟོག་པའི་མྱོང་ཚོར་བློ་ཡུལ་དུ་བྱུང་བ་དེ་མ་ཐག་ངོས་བཟུང་ནས། རྟོག་མེད་དུ་མི་བཞག་པར་བདེ་