This page has been proofread.
མཚམས་ཀྱི་ནམ་མཁའ་ལ་མདའ་གང་ཙམ་དུ། འོད་དཀར་པོའི་ཐིག་ལེ་རང་གི་མགོ་ཙམ་ཞིག་ལ་རྣམ་པར་ཤེས་པ་མ་ཡེངས་པར་མདུང་ཚུགས་སུ་
གཏད་དེ། གཞན་གང་ཡང་མ་འཕྲོ་བར་མཉམ་པར་བཞག །བློ་རྒོད་པ་དང་། འཕྲོ་བ་དང་། བྱེར་བོ་དང་། གཟིངས་པོའི་རིགས་རྣམས་ཀྱིས་ལྟེ་བའི་གནས་སུ་འོད་ སེར་པོ་རང་གི་ཁུ་ཚུར་ཙམ་ཞིག་ལ་རྣམ་ཤེས་མ་ཡེངས་པར་གཏད་ཅིང་མཉམ་པར་བཞག །བློ་རང་བབས་སུ་གནས་པའི་རིགས་རྣམས་ཀྱིས་རང་གི་ སྙིང་གར་འོད་ཀྱི་ཐིག་ལེ་མཐིང་ག་སྲན་མ་ཙམ་ཞིག་ལ་རྣམ་ཤེས་མ་ཡེངས་པར་མདུང་ཚུགས་སུ་གཏད་དེ། གསལ་བདོ་བ་ལ་ལྷོད་ཀྱིས་གློད་ལ་སེམས་ མ་ཡེངས་པར་རང་བབས་སུ་མཉམ་པར་བཞག་ཅིང་། རྟོག་པའི་པས་བར་མ་ཆོད་པར། ཡང་དེ་ཀ་ལྟར་སྒོམ་པ་དེ་ལྟར་བྱ་བ་ལ། ཐུན་ཐུང་ལོ་གྲངས་མང་
བ་གོང་བཞིན་བྱའོ། །དེ་ལྟར་ཞག་གསུམ་བསྒོམ། མིས་ཉམས་དང་བསྟུན་ལ་བསྒོམ་དུ་བཅུག །ཁྲིད་ཕོག་རེའི་སྐབས་སུ་ཅི་བྱུང་ཉུལ་བར་