Jump to content

Page:སྙན་བརྒྱུད་ཁྲིད་ཆེན་བཅུ་གསུམ་གྱི་སྐོར། པོད་ལྔ་བ།.pdf/427

From Wikisource
This page has been proofread.
༄༅། །མི་བྱ་བར་ངག་སྨྲས་བརྗོད་དང་ཕྲལ་ཏེ། ངག་གི་བཞག་ཐབས་ལ་གཉིས་ཏེ། ལྐུགས་པ་ལྟར་མི་སྨྲ་བར་བཞག་ཐབས།

བྲིས་སྐུའི་མཆུ་བཞིན་ཕྱེ་བཙུམ་མི་བྱེད་པར་འཛུམ་ཤིག་གེ་བཞག་གོ། སེམས་ཀྱི་གནད་དམ་བཞག་ཐབས་ནི། སེམས་ཕྱིའི་བྱ་བ་འཇིག་རྟེན་གྱི་འཁྲུལ་ བསམ་ལོག་རྟོག་ལ་སོགས་པའི་ངན་རྟོག་ཐམས་ཅད། ནང་གི་བྱ་བ་འཇིག་རྟེན་ལས་འདས་པའི་ལྷ་བསྐྱེད་པ་ལ་སོགས་པའི་བཟང་རྟོག་ཐམས་ཅད། གསང་བའི་བྱ་བ་སེམས་འཛིན་ལྟ་སྒོམ་ཡིད་བྱེད་ཐམས་ཅད་སྤངས་ཏེ། སེམས་ཀྱི་བཞག་ཐབས་ལ་གསུམ་སྟེ། རྣམ་རྟོག་སྔར་འདས་ཀྱི་རྗེས་མ་ བཅད། མ་འོངས་པའི་སྔོན་བསུ། ད་ལྟར་གྱི་ཤེས་པ་སོ་མ་རང་ལུགས་གཏད་མེད་བཟོ་མེད་རྟོག་མེད་ལྷུག་པ་མི་རོ་བཞིན་དུ་བཞག །དེའི་ངང་ལ་རིག་པ་བཞག་

མཁན་གྱི་རྩོལ་བས་སྤྲོ་བསྡུ་མེད་པར་ཁྱུང་ནམ་མཁར་ལྡིང་བ་བཞིན་དུ་བཞག །དེའི་ངོ་བོ་ལུང་མ་བསྟན་དུ་མ་ལུས་པར་རིག་པ་རང་ཐོག་ཏུ་གསལ་ལ་