This page has been proofread.
༄༅། །འབྲས་བུ་སྟེ། མདོར་ན་འདོད་པ་སེམས་ཀྱི་སྡུག་བསྔལ། མྱོང་བ་ལུས་ཀྱི་སྡུག་བསྔལ། སྣང་བ་ཡུལ་གྱི་སྡུག་བསྔལ།
སྒོ་གསུམ་རྩོལ་སྒྲུབ་ཀྱི་སྡུག་བསྔལ་སྟེ། སྡུག་བསྔལ་མིན་པ་གཅིག་ཀྱང་མེད་དོ། །དེ་ལྟར་འཁོར་བའི་ཆོས་ཐམས་ཅད་སྡུག་བསྔལ་གྱི་རྒྱ་མཚོ་ལ་ཐོག་ མཐའ་མེད་ཅིང་། དུས་ད་རེས་ཐར་པའི་ལམ་སྐབས་རྙེད་པའི་ཐབས་ལ་བརྩོན་པ་གལ་ཆེའོ། །འདི་ལ་ཡང་ཞག་གསུམ་སོགས་ཇི་རིགས་སུ་སྦྱོང་ ངོ་༑ །གཉིས་པ་འཁོར་བ་ངན་སོང་གི་སྡུག་བསྔལ་དང་ལམ་ལོག་པ་ལས་སྐྱོབ་པར་བྱེད་པ་སྐྱབས་འགྲོའི་ཁྲིད་ལ་གཉིས་ཏེ། སྐྱབས་སུ་ འགྲོ་བའི་དགོས་ཆེད་དང་། སྐྱབས་འགྲོ་དངོས་སོ། །དང་པོ་ནི། ཕྱི་རོལ་བ་རྣམས་ཀྱི་འཇིག་རྟེན་པའི་ལྷ་ཕྱྭ་དང་དབང་ཕྱུག་ལ་སོགས་པ་དང་། དེའི་
རྗེས་འཇུག་ལོག་ལམ་ལ་ཞུགས་པ་རྣམས་དང་། འཚེ་བ་ཆོས་སུ་སྨྲ་བ་ལ་སོགས་པའི་གཞུང་ལུགས་དང་། དེ་རྣམས་ལ་སྐྱབས་གནས་སུ་འཛིན་ན་ནི་