Jump to content

Page:སྙན་བརྒྱུད་ཁྲིད་ཆེན་བཅུ་གསུམ་གྱི་སྐོར། པོད་ལྔ་བ།.pdf/402

From Wikisource
This page has been proofread.
པས༑ བར་དུ་ཕྱེད་མ་ཙམ་བྱུང་། མཐར་དཀར་པོ་ཡང་བྱུང་ཟེར་བ་བཞིན་དུ་ཉམས་སུ་བླང་ངོ་། །དེ་ལ་ཞག་གསུམ་སོགས་ཅི་རིགས་སུ་བློ་སྦྱོང་ངོ་། ། ༈

བཞི་པ་འཁོར་བའི་ཉེས་དམིགས་བསམ་པ་ལ་བློ་སྦྱོང་བ་ནི། འཁོར་བ་ནི་ཁམས་གསུམ་གྱི་སེམས་ཅན་ཡིན་ལ། དེ་དག་ནི་སྡུག་བསྔལ་གྱི་རང་བཞིན། སྡུག་ བསྔལ་གྱི་ངོ་བོ། སྡུག་བསྔལ་གྱི་ཡོ་ལངས་ཡིན་ཏེ། རྩ་བའི་སྡུག་བསྔལ་བཞི་ནི་ལུ་གུ་རྒྱུད་དང་འདྲ་སྟེ། གཅིག་གཤམ་དུ་གཅིག་འབྲེལ་དང་གཉིས་འབྲེལ་དུ་ སོང་བའོ། །ཡན་ལག་གི་སྡུག་བསྔལ་རིགས་དྲུག་ནི། རྒྱ་མཚོའི་རླབས་དང་སྟེ། བུད་པ་དང་སོང་བ་མེད། ཉིང་ལག་གི་སྡུག་བསྔལ་ནི་སྐར་མ་དང་འདྲ་སྟེ་ གྲངས་མེད། དེས་ན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་ཡོ་ལངས། སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས་པོ། གང་དུ་ཕྱིན་ཡང་སྡུག་བསྔལ་གྱི་གནས་

གང་དང་ཅི་ཡིན་པ་ཐམས་ཅད་སྡུག་བསྔལ་གྱི་རྣོན་པར་འདུག་སྟེ། ཕུན་སུམ་ཚོགས་པ་ཐམས་ཅད་དུ་སྡུག་བསྔལ་གྱི་རྒྱུ། མ་ཚོགས་པ་ཐམས་ཅད་སྡུག་བསྔལ་གྱི་