This page has been proofread.
༄༅། །དངོས་གཞི་མ་ཚང་ཡང་བྱས་ལ་བསགས་པའི་ལས་སུ་གསུངས། སྦྱོང་རྗེས་གཉིས་མ་ཚང་ན། དངོས་གཞི་ཆེན་པོ་བྱས་
ཀྱང་བྱས་ལ་མ་བསགས་པའི་ལས་སུ་གསུངས། གཞན་གྱི་དགེ་བ་དང་སྡིག་པ་ལ་རྗེས་སུ་ཡི་རང་བྱས་པ་ནི། མ་བྱས་པ་ལ་བསགས་པའི་ལས་སོ། ། གཞན་མཐོང་ཆོས་ལ་མྱོང་བར་འགྱུར་བའི་ལས་དང་། སྐྱེས་ནས་མྱོང་གྱུར་གྱི་ལས་དང་། ལན་གྲངས་གཞན་དུ་མྱོང་འགྱུར་གྱི་ལས་དང་གསུམ་གྱི་གོ་ རིམ་བཞིན་དུ་རྣམ་སྨིན་གྱི་འབྲས་བུ་ཚེ་འདི་དང་། ཕྱི་མ་དང་ལན་གྲངས་གཞན་ལ་མྱོང་བར་གསུངས། ཚུར་བསྡུ་ན་ནག་པོ་མི་དགེ་བ་དང་། དཀར་པོ་ དགེ་བའོ། །དེ་གཉིས་སྤང་བླང་བྱེད་ཚུལ་ནི། སྡིག་པ་མི་དགེ་བ་ཐམས་ཅད་དུག་བཞིན་དུ་སྤོང་ཞིང་དེའི་གཉེན་པོར་དགེ་བ་རྣམས་སྨན་ཆ་བཞིན་དུ་དང་དུ་
བླང་བ་ནི། བྲམ་ཟེ་སྒྲ་མཁན་གྱིས་རང་སེམས་དགེ་མི་དགེ་རྡིལ་འབྲུ་དཀར་ནག་བཞག་པས། དང་པོ་ནག་པོ་ཡང་བྱུང་། གཉེན་པོ་བསྐྱེད་དེ་སྤང་བླང་བྱས་