Jump to content

Page:སྙན་བརྒྱུད་ཁྲིད་ཆེན་བཅུ་གསུམ་གྱི་སྐོར། པོད་ལྔ་བ།.pdf/40

From Wikisource
This page has been proofread.
གཟིགས༑ སློབ་དཔོན་སངས་རྒྱས་གསང་བའི་དྲུང་དུ། གསང་བའི་སྙིང་པོ་ལ་སོགས་པ་ཞི་ཁྲོ་སྒྱུ་འཕྲུལ་རྒྱུད་སྡེ་མཐའ་དག་གསན་ཅིང་། སློབ་དཔོན་ཆེན་པོ་མི་

འགྱུར་རྡོ་རྗེ་ལས། བདུད་རྩི་ཡོན་ཏན་གྱི་རྒྱུད་སྡེ་མཐའ་དག་གསན། སློབ་དཔོན་དྷ་ན་སང་ཀྲི་ཏ་ལ། སྲིད་པ་མ་མོའི་རྒྱུད་སྡེ་མཐའ་དག་གསན་ཅིང་། སློབ་དཔོན་ རོམ་བུ་གུ་ཧྱའི་སྤྱན་སྔར། དམོད་པ་དྲག་སྔགས་ཀྱི་རྒྱུད་དང་། འཇིག་རྟེན་མཆོད་བསྟོད་ཀྱི་རྒྱུད་རིམ་པ་མཐའ་དག་མཁྱེན་པར་མཛད་པས། སློབ་དཔོན་ཆེན་པོ་ བློ་ལྡན་མཆོག་སྲེད་དུ་མཚན་གསོལ་ཏོ། །འཛམ་བུའི་གླིང་དུ་ཅི་སྙེད་བཞུགས་པའི་ཆོས་མ་ལུས་པར་མཁྱེན་པར་མཛད་པས་སའི་སྟེང་ན་འགྲན་ཟླ་མེད་ཅིང་། རྒྱན་དུ་

གྱུར་ཏེ། མཁས་ཤིང་གྲུབ་པ་བརྙེས་པར་གྲགས་སོ། །རྒྱ་གར་ཤར་ནུབ་ལ་སོགས་པ་ཕྱོགས་གང་དུ་བཞུད་ཀྱང་ཉི་ཟེར་ལ་ཆིབས་ནས་བྱོན་པས། སློབ་དཔོན་ཉི་