This page has been proofread.
ཀྱིས་རེ་ལྟོས་སུ་བཞག་མི་དགོས་པའི་ཐེ་ཚམ་པ་ཁོ་ནའོ། །ཐེག་འོག་རྒྱུ་འབྲས་ལ་ཞེན་པ་རྣམས་ཀྱིས་འབྲས་བུ་ཞེས་བྱ་བ་བཟང་པོ་གཅིག་ཕྱི་དུས་སུ་ཐོབ་དུ་རེ་བ་གཅིག་
བྱེད་པ་ལ། གསེབ་ལམ་གནད་ཀྱིས་མན་ངག་འདི་ནི་གནད་ལུགས་ཅི་ལྟ་བ་བཞིན་ངོ་འཕྲོད་པ་ལ་སངས་རྒྱས་དེ་ཐོགས་དུ་ཁོ་ཐག་བཅད་དེ། ཆོས་དབྱིངས་རིན་པོ་ཆེའི་ མཛོད་ལས། གནད་ལུགས་རང་ངོ་ཤེས་པ་ཙམ་ཉིད་ལས། །སངས་རྒྱས་ཞེས་སུ་མིང་དུ་བཏག་པར་ཟད། །ཅེས་གསུང་པའི་ཕྱིར་ཐེ་ཚོམ་མེད་དོ། །ཡང་ལ་ལ་དག་ འཆི་ཁ་འོད་གསལ་གྱིས་སྣང་བ་ཁོ་ནའི་འཚམ་སྦྱོར་སྟེ་དེའི་ངང་ལས་འཆི། ཅེས་གསུང་པ་འདི་ནི་མཉམ་རྗེས་འདྲེས་ཉིན་མཚན་གྱིས་རྣམས་པ་མེད། དེས་ན་དེ་འདྲ་ ཡིན་གྱིས། འདིར་རེ་ཞིག་འོད་གསལ་ངོ་འཕྲོད་པ་ཙམ་ཀྱིས་དེ་འདྲ་མི་འོང་། རྣམ་ཤེས་སྤྱི་བོར་འཕོབ་ལས་རག་ལས་སོ། །ཞེ་ན། འདིར་འོད་གསལ་ཀྱིས་ངོ་
འཕྲོད་ཚུལ་བཞིན་ཡོད་ན་ཐེ་ཚམ་མེད་དེ། ཅིའི་ཕྱིར་དུ་ཞེ་ན། འཆི་ཁ་རྟེན་འབྲེལ་གྱིས་ལུས་རྟན་རྩ་ཁམས་འཆུག་སྟེ། རྩ་གནས་སུ་ཟབ་མོ་ཁམས་ཀྱིས་འོད་