This page has been proofread.
༄༅། །ཆེར་ཀྱིས་ན་རེ་གསང་སྔགས་ཕྱི་ནང་གིས་བསྐྱེད་རྫོགས་གིས་དགོངས་དོན་རྣམས་འོད་གསལ་ཀྱིས་སྣང་བ་འདི་ལ་སྦྱར་བའི་དོན་ནི་མ་ཡིན་ཏེ།
གསང་སྔགས་ཕྱི་ནང་དུ་བཤད་པའི་བསྐྱེད་རྫོགས་རྣམས་ནི་ཆོ་ག་དམིགས་པའི་གོ་རིམ། བསྙེན་བསྒྲུབ་ལས་ཀྱི་གཞུང་བསྲང་ཕྲིན་ལས་ཁ་འཐོར་ཀྱིས་རྟེན་འབྲེལ་ ལ་དབང་ཐོབ། ནུས་པ་ཡོན་ཏན་ཀྱིས་སྟོབས་མཐར་ཕྱིན། བདེ་གཤེགས་ཡི་དམ་ལྷའི་ཞལ་གཟིགས་དེའི་ཐབས་ལ་གནས་དུས་སྟོན་འཁོར་ཡོད་བྱད་སྟེ། རྒྱུ་ རྐྱེན་ཕུན་སུམ་ཚོགས་པ་གཅིག་གིས་ཐབས་སྦྱོར་བ་ལྡན་ཞིང་བསྐྱེད་རྫོགས་གིས་དོན་ལ་བརྩོན་ན་གསང་སྔགས་བླ་མེད་ཀྱིས་འབྲས་བུ་ཐུན་མོང་མ་ཡིན་པ་འགྲུབ་ངེས་ ཀྱི། ད་ལྟ་ཁྱོད་ཀྱི་འོད་སྣང་མཐོང་བ་ཙམ་ཀྱིས་གསང་སྔགས་བླ་མེད་ཀྱི་འབྲས་བུའི་གོ་ཆོད་ན་སྟེ། སངས་རྒྱས་ཞེས་བྱ་བ་གཅིག་སླ་ཚོད་དུ་གདའ། ཞེས་ཟེར་ཞིང་ཟབ་
དོན་མན་ངག་ཀྱི་གནད་ལ་བློ་ཐེ་ཚམ་ཀྱི་དྲྭ་བས་བསྒྲིབ་ཞིང་བྱས་སྟེ། དོན་གོ་ཆོད་པ་གཅིག་མི་འོང་བར་སྣང་ངོ་། །ལུགས་དེ་ནི་སངས་རྒྱས་ངེས་པར་ཐོབ་པའི་ཐབས་རྣམ་