This page has been proofread.
ཚུལ་ཐམས་ཅད་ངོ་སྤྲོད་ཀྱི་ཉམས་སུ་བླང་ན་དོན་དེ་ལས་མ་འདུས་པ་མེད་ཚུལ་ཀྱི་དོན་བསྡུས་པ་དེ་གསུངས་སོ། །ཡིད་དཔྱོད་ཀྱི་བློ་དང་མ་ནོར་བར་གལ་ཆེའོ། །དེ་
རྣམས་ཀྱིས་ཟབ་ལམ་འོད་གསལ་གྱིས་ངོ་སྤྲོད་གྷ་ཞིག་ཐལ་ལོ། །དེའི་གོང་དུ་ངོ་སྤྲོད་པ་ཡེ་ཤེས་ཀྱི་འོད་གསལ་གྱིས་ངོ་བོ་ངོས་བཟུང་དེ་སོང་། དེའི་གོང་དུ་ཡེ་ཤེས་ཀྱི་ སྣང་བ་མི་འཆར་བ་འཆར་བར་བྱེད་པའི་ཁྲིད་ཀྱི་རིམ་པ་རྣམས་སོང་ནས། ད་ནི་སྤྱི་དོན་གསུམ་པ་ཕྱོགས་འཛིན་ཐེ་ཚོམ་ཀྱི་གོལ་ས་མེད་ཚུལ་ཀྱི་དོན་བསྡུ་བ་ནི། མན་ངག་དོན་དུ་སྡེབ་པའི་ཡི་གེ་འདི་ལས་གྷ་ཞིག་གིས་དོན་ཅི་བཞིན་དུ་མ་འཕྲོད་དེ། ཡིད་མ་ཆེས་པའི་ཐེ་ཚོམ་ཀྱི་སེམས་ལྡང་ན་དེ་དོག་པར་མི་བྱ་བ་ལ་གསུམ་དེ། མདོ་རྒྱུད་སྤྱིའི་ཆོས་སྡེ་རྣམས། ཟབ་མོ་འོད་གསལ་ཀྱི་དོན་གཅིག་དུ་བཤད་པ་མི་འཐད་པའི་དོག་གཟུགས་སྤང་བ་དང་། བྱེ་བྲག་ཆོས་ཚུལ་རང་རང་གིས་དོག་གཟུགས་
སྤང་བ་དང་། དོན་མངོན་སུམ་གནད་ཀྱི་ཉམས་ལེན་ལ་དོག་གཟུགས་སྤང་བའོ། །དང་པོ་ཐེ་ཚོམ་ཀྱི་དོག་པ་ནི། ལ་ལ་དག་ན་རེ། ད་ལྟ་ཁྱོད་ཀྱི་གནད་ལ་བརྟེན་སྟེ།