Jump to content

Page:སྙན་བརྒྱུད་ཁྲིད་ཆེན་བཅུ་གསུམ་གྱི་སྐོར། པོད་ལྔ་བ།.pdf/319

From Wikisource
This page has been proofread.
༄༅། །པའི་སྣང་བ་འདི་འདུག་གིས་གཅུན་སྟེ། འགྲོ་འོང་དང་བྲལ་བར་ཉིན་མཚན་དང་འབྲེལ་ཐུབ་ན། ཞིང་ཁམས་གཞན་མི་འདྲ་བ་ཐམས་ཅད། རྩོལ་མེད་

ལྷུག་པར་འཆར་སྟེ། རྣམ་རྟོག་འགྲོ་འོང་འགྱུ་བྱེད་ཀྱི། རླུང་འགོག་པའི་ཕྱིར་རོ། །དེ་ཡང་རྡོ་རྗེ་འཆང་གི་ཞལ་ཆེམ་ལས། སྣང་བ་ཐམས་ཅད་ཡེ་ཤེས་སུ་འཆར་ བར་འདོད་ན། རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཡེ་ཤེས་ལ་མཁས་པར་གྱིས་ཤིག །ཆོས་ཐམས་ཅད་ཀྱི་ལྟ་བ་རྟོགས་པར་འདོད་ན། རྡོ་རྗེ་ལུ་གུ་རྒྱུད་ལ་ལྟོས་ཤིག །སྤྱན་ལྔ་ཐོབ་ པར་འདོད་ན། རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཐིག་ལེ་དང་ཐིགས་སྲན་ལ་ལྟོས་ཤིག །ཆོས་སྐུའི་འབྲས་བུ་ཐོབ་པར་འདོད་ན། རྡོ་རྗེ་ལུ་གུ་རྒྱུད་༝ དབྱིངས་དང་རིགས་པའི་དོན་ རྟོགས་པར་འདོད་ན། རྡོ་རྗེ་ལུ་གུ་༝ ཡང་དག་པའི་སངས་རྒྱས་ཀྱི་ཞིང་ཁམས་མཐོང་བར་འདོད་ན། རྡོ་རྗེ་ལུ་གུ་རྒྱུད་འགུལ་བ་དང་། འཁྲིགས་པ་དང་། གསལ་བའི་

མདངས་ལ་ལྟོས་ཤིག །གསང་སྔགས་ཀྱི་དཀྱིལ་འཁོར་ཐམས་ཅད་ལ་ལྟ་བར་འདོད་ན། རྡོ་རྗེ་ལུ་གུ་རྒྱུད་ཀྱི་ངོ་བོ་ལ་ལྟོས་ཤིག །ལུས་ཀྱི་འཛིན་པ་དང་བྲལ་ནས་