Jump to content

Page:སྙན་བརྒྱུད་ཁྲིད་ཆེན་བཅུ་གསུམ་གྱི་སྐོར། པོད་ལྔ་བ།.pdf/306

From Wikisource
This page has been proofread.
སྣང་སྟེ། གནས་ལུགས་རིགས་པའི་དོན་ལ་སྡིག་པ་དང་འབྲེལ་པ་མེད་ཅིང་། སྡིག་པ་ལས་ཀྱི་ནམ་ཡང་མི་གོས་པའི་དོན་དེ་ཁོ་ནའོ། །ཞེས་ནན་ཏན་དུ་ང་སྤྲད་དོ། །ཡང་

རིག་པ་{མངོན་པ་ནི་མིག་ལྟར་ཡོད་པ། གསུམ་ནི་དཔེ་ལ་བརྟེན་པ་དང་གཅིག །གཅིག་ནས་གཅིག་བརྒྱུད་པ་མ་ཡིན་པ་གཉིས། རྟག་ལ་མ་ལྟོས་པར་རང་ཤར་དུ་སྣང་བ་དང་གསུམ་མོ། །}མངོན་སུམ་མན་ངག་ གནད་ཀྱིས་བརྟེན་ཅིང་ངོ་མ་སྤྲད་ན། མཁས་པ་བཎ་ཌི་ཏི་སྡེ་སྣོད་ཀྱི་རྣམ་དབྱེ་ལ་མཁས་པ་གཅིག་གིས་ཀྱང་མི་མཐོང་། གལ་ཏེ་མཐོང་ཀྱང་ངོ་མ་སྤྲད་ན་མི་གྲོལ་ཏེ་རྣམ་ དཔྱོད་བློ་དེ་མངོན་སུམ་རིག་པའི་བསྒྲིབ་ཞིང་ཡིན་པའི་ཕྱིར་རོ། བསྟེན་ན་དབུལ་བ་གླང་རྗི་ཡང་གྲོལ་བ་ལ་ཐེ་ཚོམ་མེད་དོ། །མངོན་སུམ་རིག་པའི་ཉམས་ལེན་ཀྱིས་ འཕྲོ་བཞག་ནས། གཞན་དུ་སོང་སྟེ་ལུས་ངག་ཆེད་དུ་སྩོལ་བའི་སྒོ་ནས། དཀར་པོ་དགེ་བའི་ཆོས་ལ་ནན་ཏན་འབད་ཅིང་མང་དུ་སྤྱད་པ་དང་། ཡང་སྔོན་མངོན་སུམ་

ཀྱི་ལམ་ལ་འཇུག་སྟེ་མངོན་སུམ་རིགས་པའི་ངོ་བོ་དེ་བཟང་བ་དང་ལྷག་ཆོས་སུ་སོང་བ་རྡུལ་ཙམ་ཡང་མེད་དེ། གནས་ལུགས་རིགས་པའི་ངོ་བོ་འདི་དགེ་བ་དཀར་པོའི་