Jump to content

Page:སྙན་བརྒྱུད་ཁྲིད་ཆེན་བཅུ་གསུམ་གྱི་སྐོར། པོད་ལྔ་བ།.pdf/300

From Wikisource
This page has been proofread.
ནས་བཤད་པ་བཞིན་སྔོན་དུ་བཏང་། ཁྲེགས་ཆོད་གོང་ནས་བཤད་པ་བཞིན། གཞི་བློ་འདས་པའི་བཅོས་མེད་རང་བཞིན་སྐད་ཅིག་མའི་དོན་ཀྱིས་འགྱུར་མེད་འདུག་ཚུལ་ཀྱི་ས་གཞི་

བཟུང་། ལུས་ངག་ཡིད་ཀྱི་སྒོ་གསུམ་འདུག་སྟང་ཀྱིས་གནད་ཀྱིས་གཟིར། སྒྲིབ་བྱེད་བྲལ་བའི་མན་ངག་འབྱུང་གཞི་དངས་པའི་རྫས་ལ་འབེན་བྱས་སྟེ། གདོས་བཅས་བསྒྲིབ། ལུས་ངག་རོ་བཞིན་བསྐྱུར་པས་སེམས་རྒྱུན་འཁྲུལ་ཞན་ཀྱིས་ཐག་པ་བཅད། དེའི་ཚེ་དངོས་གཞི་མ་འཁྲུལ་བའི་སངས་རྒྱས་རྡོ་རྗེ་སེམས་དཔའི་ཞལ་མཇལ་བ་ལ་ཐེ་ཚོམ་མེད་དོ། ། མན་ངག་འདི་ནི་མ་བྷམ་པར་གནད་ལ་བརྟེན་ནས་ངོ་སྤྲོད་སངས་རྒྱས་ཐོབ་ཐབས་དམ་པ་སྟེ། དེ་ཁོ་ན་ཉིད་ཡིན་ནོ། །དེའི་དོན་ངོ་སྤྲོད་ན། གྲུབ་ཐོབ་ཨ་ཝ་འདུ་ཏི་པས། ཡེ་ཤེས་ སྤྱན་བསྒྲུབ་ལ་གསུང་པ། སྣང་བའི་སྟེང་དུ་འོད་གསལ་བཟུང་། །ཕྲ་བའི་འོད་ལ་བརྟེན་ནས་ནི། །རག་པའི་འོད་ཟེར་ངོ་སྤྲད་པས། །རྟོག་མེད་འོད་ལ་སྲིད་འདས་སྣང་། །

ཅེས་པ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་རྡོ་རྗེ་ལུ་གུ་རྒྱུད་ལ་ངོ་སྤྲད་ལ་ཐེ་ཚོམ་ཆོད་པར་བྱ་དགོས་སྟེ། དེ་ཡང་འདི་ལྟར་དབྱར་མ་སྟོན་དང་རྒུན་ཆུང་དཔྱིད་ཀྱི་དུས་སུ།