This page has been proofread.
ཡིད་སྣང་གིས་རེག་བྱ་ལ་ཆེར་སོང་བ་དང་། ཆུང་ངུ་སོང་བ་དང་། མགོ་མཇུག་ལོག་པ་དང་། ཕྱོགས་འཛོལ་བ་དང་། ཐོགས་མེད་པ་དང་། ཕྱོགས་རལ་བ་དང་།
སྒོ་འཛོལ་བ་དང་། འོག་དུ་མར་ལྷུང་སོང་བ་དང་། བྷམ་ཁམ་ཏོན་ནས་མེད་པའི་སྣང་བ་རྣམས་རིག་གོ །འདི་དག་ཀྱི་ངོ་བོ་ཟབ་མོ་རང་སྣང་གིས་འོད་གསལ་ ཡིན་ཡང་། བློ་འདས་ཟབ་མོའི་རང་སྣང་ལ་མི་འགག་པར་ཚོར་བའམ། རེག་པ་དང་མཚུངས་པའི་ཕྱིར་བཞག་གོ །འདི་འོད་གསལ་ཀྱིས་ཁྲིད་རིམ་རྣམས་ གོ་རྩོར་གཉེར་བའི་ཤུགས་ལ་ཁམས་རང་བཞིན་ལྷུན་གྲུབ་ཀྱི་སྒྲ་དང་། དྲི་དང་རོ་དང་རེག་བྱ་རྣམས་འགག་མེད་དུ་འཆར་བའི་ཕྱིར་ངོ་སྤྲོད་ཟུར་ཙམ་སྨོས་ པ་ཡིན་ནོ། །གཞི་སྣང་བཤད་པའི་སྐབས་དང་། ཉོན་མོངས་ཚད་དུ་ཕེབ་པའི་སྐབས་དང་། ལུས་རྟེན་བོར་སྟེ་བར་དོའི་སྐབས་སུ་ནི། ཟག་པ་མེད་པའི་
འདོད་ཡོན་ཀྱིས་ཕུང་པོ་ཕུན་སུམ་ཚོགས་པ་ལོངས་སྤྱོད་ཡོངས་རྫོགས་སྣང་གི་ཞིང་ཁམས་རང་ཡིན་པ་ནི། བཀྲ་ཤིས་མཛེས་ལྡན་ཀྱིས་རྒྱུད་ལས། ཡེ་ཤེས་