Jump to content

Page:སྙན་བརྒྱུད་ཁྲིད་ཆེན་བཅུ་གསུམ་གྱི་སྐོར། པོད་ལྔ་བ།.pdf/246

From Wikisource
This page has been proofread.
སྐད་ཅིག་མའི་དོན་ཅི་ལྟ་བ་བཞིན་ངོས་འཕྲོད་པ་ཙམ་ཀྱིས་རྒྱུད་གཞན་ཀྱིས་བསྡུས་པའི་རྣམ་པ་ཅན་གཉིས་སྣང་གིས་ཤེས་པ་མེད་དམ་སྙམ་ན་མ་ཡིན་སྟེ། སེམས་

ཞན་འཛིན་ཀྱི་ཆ་ཤས་དང་བཅས་པ་དག །ཕྱི་ནང་གིས་གདོས་བཅས་ཐམས་ཅད་འཇའ་ལུས་སུ་ཡལ། ཉིན་མཚན་དང་སྐྱེ་འཆིའི་སྣང་བ་ངོ་མི་ཤེས། ཁམས་ ཀྱི་ཡོན་ཏན་མ་ལུས་པ་ཐམས་ཅད་མངོན་གསུམ་དུ་རྩལ་རྫོགས་སྟེ། ལམ་བདེན་ཀྱིས་ཡོན་ཏན་ཐམས་ཅད་ཚད་ལ་མ་ཕེབས་ཀྱི་བར་དུ་ཞེན་འཛིན་ཨ་འཐས་ཀྱི་ སྣང་བ་ཡད་ཡུམ་ཙམ་དང་། ཡུན་རིང་ཅི་རིགས་པ་རྣམས་ཡོད་དོ། །དེའི་ཚེ་བླ་མ་དགོས་སམ་སྙམ་ན་མི་དགོས་སྟེ། ཆོས་ཐམས་ཅད་ཀྱི་བརྗོད་བྱའི་དོན་མ་ ནོར་བ་གཅིག་ནང་ནས་སྒྲོ་འདོག་ཆོད་པའི་ཕྱིར། ཅི་སྐད་དུ་ལུང་ལས། རྒྱལ་པོའི་སྲས་དང་ཤིང་སྣའི་མེ། །རང་མཚན་མཐོང་ཡང་སྟོབས་མ་རྫོགས། །ཅེས་

པ་དང་། སྤྲིན་གསེབ་ཉི་འདྲ་གསལ་ཡིད་ཆེས། །ཞེས་གསུང་པའི་དོན་སྟེ། ཚུལ་དེ་འདྲའི་བཤེས་གཉེན་རྣམས་ནི་ལམ་ས་ཚོད་ཀྱིས་མཐོ་དམན་གང་ཡིན་པ་དང་།