Jump to content

Page:སྙན་བརྒྱུད་ཁྲིད་ཆེན་བཅུ་གསུམ་གྱི་སྐོར། པོད་ལྔ་བ།.pdf/243

From Wikisource
This page has been proofread.
༄༅། །ནས་ཟབ་མོའི་དོན་འཆད་ལྟ་བུའི་སྒྲ་ཐོས་སྟེ། ཅེས་པ་དང་། མདོ་ཕལ་པོ་ཆེ་ལས། ལྷའི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲོལ་བུམ་

དག་དང་མིའི་སྐད་རྣམས་དང་། །འགྲོ་བ་ཀུན་ཀྱི་སྒྲ་སྐད་ཅི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ། །དེས་ཤིང་ཕ་རོལ་ཕྱིན་ལ་རབ་རྩོན་ སྟེ། །བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མ་གྱུར། ཅེས་པ་སྟེ། རང་ལ་གདོད་མ་ནས་གནས་པའི་ཞིང་ཁམས་དག་མ་དག་རྣམས་སུ་རིས་དྲུག་གིས་གཟུགས་ རྣམས་དང་། སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱི་དྲང་དོན་ངེས་དོན་སྤང་བྱའི་རྣམ་དབྱེ་རྟོག་པ་དོན་གྱི་ངོ་ སྤྲོད་དང་། གཞན་ཡང་ཡི་དམ་དང་མཁའ་འགྲོ་རྣམས་ཀྱི་ལེགས་ཉེས་ཀྱི་ལུང་བསྟན་པའི་སྒྲ་རྣམས་དང་། ཞིང་སྐྱོང་དམ་ཅན་རྣམས་ཀྱི་བར་ཆད་མི་གཏོང་ཁྱོད་

ཀྱི་བསྟན་པ་སྲུང་། ཅི་བཅོལ་བའི་ལས་བྱེད། ཅེས་དེ་ལྟར་ཟེར་བའི་སྒྲ་རྣམས་སྟེ། འདི་དག་ཁམས་ཀྱི་ཡོན་ཏན་ལྷུན་གྲུབ་ཀྱི་ཆོས་སུ་ཡེ་ནས་གནས་པའི་