This page has been proofread.
གསུམ་སངས་རྒྱས་ལས་བྱེད་པ། །སངས་ཐོགས་མ་ཐ་མེད། །དང་པོའི་སངས་རྒྱས་རིས་མེད་པ། །ཡེ་ཤེས་མིང་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་
བཞིན་གཤེགས། །ཅེས་པ་དང་། ས་ར་ཧས། མ་བཅོས་ཤེས་པ་སྐད་ཅིག་མ། །ལྷུན་གྱི་གྲུབ་སངས་རྒྱས་ཡིན། །ཅེས་པ་དང་། རྒྱ་འདྲིལ་སྤར་ཁབ་ལས། ཐམས་ ཅད་ཀྱི་རོ་མྱོང་ཡང་རིགས་པ་བདག་ཉིད་ཆེན་པོའི་ཕྱིར། །ཅེས་སོ། །བློ་འདས་དོན་དམ་ཀྱི་རང་སྣང་ཉག་གཅིག་གིས་ངོ་བོ་ཉིད་ད་ལྟ་ལུས་ལ་གནས་པའི་ཕྱིར། འདུག་སྟང་གིས་ལུས་གཅུན་པ་དང་། མངོན་གསུམ་དུ་སྣང་སྟེ། བློ་འདས་ཡེ་ཤེས་ཀྱི་ངོ་བོ་ནི་ལུས་ལ་མ་སྐྱེས་ཤིང་འབྲེལ་པ་ཡང་མེད་པའི་ཕྱིར། བློ་འདས་ ཡེ་ཤེས་ཀྱི་གསལ་ཆ་ཙམ་ལས་གཞན་གང་ན་ཡང་མེད་པའི་གཅིག་ལ་ངོ་སྤྲད་དགོས་པའི་གནད་ནི། རྟག་གཉིས་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །
རྟོག་པ་ཐམས་ཅད་ཡང་དག་སྤང་། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །ཅེས་པའི་དོན་དེ་ཁོ་ན་ཉིད་དོ། །དེ་རྣམས་ཀྱི་ཆོས་