This page has been proofread.
༄༅། །ཧྲིག་གེ་བ། །དབྱིངས་ཆེན་ནང་ནས་ལྷམ་མེ་བ། །རྐྱེན་བྲལ་ཕུག་དུ་ཁྱུག་གེ་བ། །ཅེས་པ་དང་། སྒྲོན་མ་སྣང་བྱེད་ལས། སངས་རྒྱས་ཉིད་ཀྱི་
མཛད་པ་དུ་མ་ཡང་། །རིག་པའི་རྩལ་ཏེ་དེ་ཉིད་རང་གིས་གདང་། །ཅེས་སོ། །རྒྱུ་རྐྱེན་སྐྱེ་འཇིགས་ལས་འདས་པའི་རང་བྱུང་བློ་འདས་ཀྱི་ཡེ་ཤེས་སྐད་ཅིག་མའི་ གཟུགས་ཅན་ལ་འཁོར་འདས་ཀྱི་རྣམ་པ་གང་འཆར་ཡང་། གསང་སྔགས་རྡོ་རྗེ་ཐེག་པའི་སྣང་བ་ཡེ་ཤེས་ཀྱི་རང་སྣང་གིས་གཟུགས་ཅན་ཁོ་ནའི་ཕྱིར། གསང་ བ་སྤྱི་རྒྱུད་ལས། གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་རྣམས་སྣ་ཚོགས་ཀུན་ཏུ་སྟོན། །གཟུགས་ཅན་མ་ལུས་འཆང་བ་པོ། །ཅེས་ པའོ། །དེ་ཡང་བློ་འདས་ཡུལ་མེད་རང་སྣང་གིས་སྐད་ཅིག་མ་འཁོར་འདས་ལྷུན་གྲུབ་ཀྱི་རོ་བཅུད་དང་ལྡན་པ། ཐོགས་མཐའ་བར་གསུམ་དུ་རྣམ་པ་ཐམས་ཅད་
མཁྱེན་པའི་བདག་ཉིད། རྩོལ་མེད་ལྷུན་གྲུབ་ཀྱི་ངང་། རང་ལུགས་གཅིག་གིས་ཡེ་ཤེས་སྟེ། སྤྱི་རྒྱུད་ལས། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་