This page has been proofread.
སྦར་མི་སྣང་བར། །དེ་ལྟར་མཁས་ལ་སྣང་བ་ཡིན། །ཅེས་སོ། །དེ་ཡང་གང་ཞེ་ན། ཆོས་རྗེ་མཁས་གྲུབ་པས་བསྟོད་གསོལ་ཞུས་པས། རྡོ་རྗེ་གླིང་དུ་མན་ངག་
གསན་པའི་ཚེ། །ཁྱེད་ཐུགས་འོད་གསལ་སྣང་ཆ་མཆེད་པ་ལས། །སངས་རྒྱས་ཞིང་དང་དམྱལ་བའི་གཟུགས་སོགས་གཟིགས། །ཀུན་གཟིགས་མཁྱེན་པ་ཅན་ལ་ གསོལ་བ་འདེབས། །ཅེས་པ་དང་། ཁྱེད་ནི་རྣལ་སད་ཐོ་རེང་ཆ་ཉིད་ནས། །སྣ་ཚོགས་དཔག་མེད་ཐིག་ལེའི་ནང་དག་དུ། །བྱམས་པའི་སྒྲོ་མཛད་སྐུ་ནི་དཔག་མེད་ སྣང་། །སྣང་བ་ཆོས་སྐུར་ཤར་ལ་གསོལ་བ་འདེབས། །ཅེས་པ་དང་། ཆོས་རྗེ་ཤང་སྟོན་པའི། ཆོས་དྲུག་གིས་ཁྲིད་སྐྱོང་བས། རྨི་ལམ་སྦྱངས་སྤེལ་སྤྲུལ་བསྒྱུར་ ནུས་པའི་ཚེ། །ཡུལ་སྣང་འོད་གསལ་འདྲེས་པའི་སྣང་ཆ་ལས། །དབུས་གཙང་གིས་ས་རྡོ་རི་བྲག་ཆེ་ཆུང་མེད་པ་རྗེན་པར་མཐོང་གསུང་། འདི་ཡང་ཁམས་བློ་
འདས་ཟབ་མོའི་རང་སྣང་ཡིན་ཀྱིས། ལས་སྣང་འཕྲུལ་པའི་དབུས་གཙང་དང་མི་ནོར་བ་གལ་ཆེའོ། །ཡང་ཁམས་ཀཿཐོག་པའི་བླ་མ་ཤར་པ་ཚང་གིས་ཐུགས་དམ་ཟབ་མོའི་