Jump to content

Page:སྙན་བརྒྱུད་ཁྲིད་ཆེན་བཅུ་གསུམ་གྱི་སྐོར། པོད་ལྔ་བ།.pdf/227

From Wikisource
This page has been proofread.
༄༅། །ནི་ནམ་མཁའི་ཁམས་སུ་ཡང་མི་ཤོང་། ཅེས་གསུང་བའི་ཕྱིར་ཐོག་མེད་ནས་བསགས་པའི་བག་ཆགས་དངོས་སྣང་གིས་སྒྲིབ་པ་ཚན་པོ་ཆེ་

ཐམས་ཅད་ཟབ་ལམ་འོད་གསལ་ཀྱི་སྐབས་ལ་མེད་དེ་དག་པ་ནི། ཏེ་ལོ་པས། དེ་བཞིན་རང་རིག་འོད་གསལ་སྐད་ཅིག་གིས། །བསྐལ་པར་བསགས་པའི་ སྡིག་སྒྲིབ་མ་ལུས་པའི། །ཞེས་གསུང་སྟེ། ཅིའི་ཕྱིར་ན། རང་རིག་ཡེ་ཤེས་འོད་གསལ་འདི། རྒྱུ་ཅན་དང་བྲལ་བ་མ་འཁྲུལ་བའི་སངས་རྒྱས་དེ་ཁོ་ན་ཉིད་དེ། སྙིང་གིས་མེ་ལོང་ལས། མ་འཁྲུལ་བའི་ཆོས་ཉིད། ཕྱི་རྒྱ་མ་རལ་བ། ནང་ཡེ་ཤེས་ཀྱི་འོད་ལྔ་མ་གྷག་པ། ཅེས་སོ། །དེ་ལྟ་བུའི་སྣང་བ་ནི། མ་བཀོད་ པའི་སྣང་བ་ཆེན་པོ། མ་བཟོས་པའི་རབ། མ་བྲིས་པའི་མུ་ཁྱུད། གཞན་ནས་མེད་པའི་ཡུལ་སྣང་། བཟང་ངན་མེད་པའི་སྟོན་འཁོར། རྣམ་པ་ཡུལ་ན་

མེད་པའི་གསལ་ཆ། རང་གདང་བློ་འདས་ཀྱི་ཁྱབ་ཚུལ། སྐྱེ་མེད་མངོན་གསུམ་ཀྱི་སངས་རྒྱས་ཉག་གཅིག་གིས་སྣང་བ་སྟེ། ཡི་གེ་མེད་པའི་གསང་