This page has been proofread.
ནས་ཀྱང་། །འགྲོ་བ་ཀུན་ཀྱི་གཟུགས་འཛིན་མཁས་པས་གཟིགས། །གྲང་མེད་ཞིང་གི་རྡུལ་སྙེད་རྣམས་བྱུང་ཞིང་། །ཕྱོགས་བཅུ་བཀང་སྟེ་གནོད་པའི་ཕན་བསྒྲུབ་
མཐོང་། །དེའི་དཀྱིལ་འཁོར་ནས། དྲང་སྲོང་འགྲོ་ཀུན་ལུས་དབྱིབས་ཅན། །དེ་སྙེད་བྱུང་ནས་དཀོན་མཆོག་གིས། །སྒྲ་བརྗོད་ཞི་ཕན་བྱེད་པ་མཐོང་། །རྩིབ་ ལོག་གཉིས་ནས་ཀླུའི་བུ་མོ་སེམས་ཅན་དྲང་དང་མཉམ་པ་མཐོང་། རིན་ཆེན་སྤོས་དང་མེ་ཏོག་ཕྲེང་བ་གདུག་དང་རྒྱལ་མཚན་དང་། འཕགས་འཕྲུལ་སྣ་ཚོགས་ རྒྱལ་སྲས་ལྷ་དང་ལྷ་མོས་ཆོས་དང་མེ་ཏོག་དང་། རིན་ཆེན་སྤྲིན་གྱི་ཆར་འབེབས་ལེགས་བརྒྱན་ཆོས་དབྱིངས་རྒྱས་པར་འགེང་པར་མཐོང་། ཐོང་ཀའི་དཔལ་གྱིས་ བེའུ་ནས་ཀྱང་ལྷ་མིན་དབང་པོ་དེ་སྙེད་བྱུང་། རྒྱབ་གཞུང་ནས་ཀྱང་ཉན་རང་དེ་སྙེད་བྱུང་ནས། སྲིད་བཟློག་ཞི་ཆོས་སྟོན། འཕྲག་པའི་ལྷུ་གཉིས་ནས་ཀྱང་གནོད་
སྦྱིན་སྲིན་པོའམ་དབང་པོ་དེ་སྙེད་བྱུང་། མདུན་གྱི་ལྟོ་བ་ནས་མིའམ་ཅི་དང་དྲི་ཟའི་དབང་པོ་དེ་སྙེད་བྱུང་། ཁའི་སྒོ་ནས་འཁོར་ལོ་བསྒྱུར་རྒྱལ་དེ་སྙེད་བྱུང་། མིག་