This page has been proofread.
༄༅། །འཕྲུལ་སྣང་གིས་ངོ་ཁ་ཙམ་ལས་གཞན་ཕྱི་ནང་བར་གསུམ་གང་ན་ཡང་མི་སྲིད་པ་ནི། ཀློང་ཆེན་རབ་འབྱམས་བཟང་པོའི་ཞལ་ནས། འདི་ལྟར་
སྣང་བ་བག་ཆགས་འཁྲུལ་པའི་གཟུགས། །སེམས་ལ་སྣང་ཡང་སེམས་སུ་མ་གྲུབ་པ། །སེམས་ལས་གཞན་དུའང་ཅུང་ཟད་མེད་པ་སྟེ། །ཅི་ལྟར་དྷ་དུ་ རའི་སྣང་བ་ཙམ། །བད་ཀན་དབང་གིས་ཉ་ལྕགས་སྐྲ་ཤད་བཞིན། །གང་ན་མེད་ལ་སྣང་བར་ཤེས་པར་མཛོད། ཅེས་པའི་དོན་སྟེ། གནས་ལུགས་རང་སྣང་ གིས་བྱེ་བྲག་རྣམས་ནི། གཉེན་པོས་བཤིགས་དུ་མེད་ཅིང་འགྱུར་བ་མེད་ལ། རྣམ་ཤེས་འཁྲུལ་སྣང་གིས་ལུས་གཟུགས་བག་ཆགས་སེམས་ཀྱི་སྣང་བ་འདུས་ས་ བྲལ་བའི་ཆོས་ཅན། དཔྱད་མི་བཟོད་གློ་བུར་ཀྱིས་མཚན་ཉིད་ཅན་ཡིན་པའི་ཕྱིར། འདི་མ་ནོར་བར་ངོ་སྤྲོད་དགོས་པ་ནི། སེང་གེ་རྩལ་རྫོགས་ལས། །ཀུན་
གྱི་སེམས་ཀྱི་རྩ་བ་དང་། །རང་རིག་ཡུལ་ཀྱི་རྩ་བ་གཉིས། །འདྲ་གཞི་གཅིག་ལ་གོལ་ས་ཆེ། །ཅེས་པ་དང་། རྒྱུད་ཀློང་དྲུག་པ་ལས། རང་རིག་བསམ་པ་