Jump to content

Page:སྙན་བརྒྱུད་ཁྲིད་ཆེན་བཅུ་གསུམ་གྱི་སྐོར། པོད་ལྔ་བ།.pdf/183

From Wikisource
This page has been proofread.
༄༅། །རིགས་རྣམས་ལ། རང་རང་གིས་ཐོབ་པའི་ལྕི་ཡང་རིང་ཐུང་གིས་སྒྲ་རྣམས་ཐོས་སོ། །མདོར་ན་སྲོག་ཆགས་སྦྲང་མའི་སྒྲ་ནས་བཟུང་སྟེ། སངས་

རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་དབྱངས་ཡན་ལག་གིས་སྒྲ་མན་ཆད་འཁོར་འདས་ཀྱིས་བསྡུས་པའི་སྒྲ་ཐམས་ཅད་ཀྱིས་རྣམ་པ་འདྲ་བ་རྣམས་ཐོས་སོ། ། དེ་བཞིན་དུ་དྲི་བཟང་ངན་བསམ་གྱིས་མི་ཁྱབ་པའི་རྣམ་པ་འདྲ་བ་རྣམས་བསྣམས་པ་དང་། རོ་བཟང་ངན་བསམ་གྱིས་མི་ཁྱབ་པའི་རྣམ་པ་འདྲ་བ་རྣམས་མྱོང་བ་ དང་། རེག་བྱ་བསམ་གྱིས་མི་ཁྱབ་པའི་རྣམ་པ་འདྲ་བ་རྣམས་རེག་པ་སྟེ། མདོར་ན་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ལོངས་སྤྱོད་པའི་རྣམ་པ་འཆར་ རོ༑ །ཁམས་ཀྱི་ཡོན་ཏན་ཐམས་ཅད་མངོན་སུམ་རྩལ་རྫོགས་པའི་སྐབས་ལ། ཤེས་བྱ་ཡུལ་དུ་ཡོད་ཚད། སྲིད་ཚད་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པའི་

རྣམ་པ་འཆར་སྟེ། རྣམ་སྨིན་ཨ་འཐས་ཀྱི་བག་ཆགས་དངོས་པོ་གདོས་བཅས་ཀྱི་སྣང་བ་མ་ཡིན་པ་སྟེ། དེ་དང་རྣམ་པ་འདྲ་བའི་འདྲ་བ་རྣམ་པ་ཡི་གེར་ཡང་བྲི་མི་