This page has been proofread.
ཏིག་རྩར་ལ་རྒྱུས་པ་ལྟ་བུ་དང་། དེའི་ནམ་མཁའ་གང་བ་ལྟ་བུའི་སྣང་བ་ཡང་འཆར་རོ། །དེ་ཡང་དང་པོ་འགུལ་སྟེ་ཕྱོགས་ན་མི་ཚུད་པ་དང་། ཅུང་ཞིག་འགུལ་
ཆུང་བ་དང་། བརྟེན་སྟེ་འགུལ་ཁྲིགས་མེད་པའི་རྣམ་པ་ཅན་ཡང་འཆར་རོ། །ཡེ་ཤེས་ལྔའི་གདང་ཐིག་ལེ་མུ་ཁྱུད་ལྔ་རིམ་ཅན། ཆུང་སྟེ་ཡུང་འབྲུ་ཙམ་དང་། སྲན་མའི་འབྲུ་ཙམ་དང་། ཉ་མིག་ཙམ་དང་། མེ་ལོང་ཙམ་དང་། ཏིང་ཕོར་གྱིས་ཁ་ཙམ་དང་། ཕུབ་ཀྱིས་སྦ་འཁོར་ཙམ་དང་། སྦ་ཕུབ་ཙམ་དང་། དེ་ ཡང་གསུམ་འབྲེལ་དང་། བཞི་འབྲེལ་དང་། ལྔ་འབྲེལ་ཀྱི་རྣམ་པ་འཆར་རོ། །ཐིག་ལེ་རྣམས་ཀྱི་ནང་དུ་པད་འདབ་བཞི་ལྡན་དང་། བརྒྱད་ལྡན་དང་། བྱད་གཉིས་ལྡན་དང་། སུམ་ཅུ་སོ་གཉིས་ལྡན་དང་། སྟོང་ལྡན་ལ་སོགས་ཚད་མེད་པའི་རྣམ་པ་འཆར་རོ། །དབྱིངས་སྐྱེ་མེད་སྟོང་པའི་མདང་ཁ་དོག་སྣ་ལྔའི་མདང་
ཅན། དབྱིངས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དཔེར་ན་ཟ་འོག་གིས་གུར་ཁྱིམ་ལྟ་བུ་ཁྲུ་གང་གིས་ཚད་ཙམ་དང་། རང་སྡོད་སའི་སྔོན་ཕྱོགས་ཙམ་དང་།