This page has been proofread.
༄༅། །ཉམས་སུ་བླང་བ་ནི། འབྱོར་ན་ཞབས་དང་རྒྱབ་ཕྱོགས་གཡས་གཡོན་རྣམས་སུ་མཉན་འབོལ་དང་ལྡན་པར་བྱ་ཞིང་། མ་འཛོམ་ན་བདེ་
བའི་གདན་གཅིག་གིས་ཐོགས་དུ་ལུས་དྲོང་སྲོང་གིས་འདུག་སྟང་བྱས་སྟེ། ལག་པའི་གྲུབ་མོ་རླའམ་པུས་མོའི་སྟེང་གར་བདེར་གཏད་ལ། རང་གིས་རླུང་ ཐུབ་ཚུད་གཅིག་བཟུང་སྟེ། ལག་པ་གཉིས་ཀྱི་ཐེབ་མཛུབ་གསུམ་ཡི་གེ་འབྲུ་གསུམ་དུ་བྷམ་ལ། དལ་བུས་མིག་གཉིས་ཀྱི་མཐའ་ནས་མནན་ནོ། །ཡུན་ ནི་གྷ་ཞིག་གིས་འོད་འཆར་བའི་ཚད་ལ་བཟུང་སྟེ་ཅུང་ཞིག་མ་ཡིན་ནོ། །འོ་ན་ཅི་ལྟར་ཞེ་ན། དང་པོ་མཐའ་ནས་དལ་བུས་མནན་སྟེ་མ་ནེའི་བར་དུ་མནན། ཅུང་ཞིག་ན་བ་དང་དལ་བུས་ལྷོད་དེ་ཕྲལ་ལོ། །དེའི་རྗེས་སུ་རླུང་ཡང་དལ་བུས་བཏང་ངོ་། །དེའི་ཚེ་འོད་གསལ་ཀྱིས་སྣང་བ་གང་ཤར་བ་དེ་མ་ཡལ་ཀྱིས་
བར་དུ་ལུས་སེམས་བྱ་བ་ཕྲལ་སྟེ། བྱ་བྲལ་བློ་འདས་ཉག་གཅིག་གིས་རང་སྣང་ལྷུག་པར་འཆར་བའི་ངང་དེ་ཐོགས་དུ་བཞག་སྟེ་ཉམས་སུ་བླང་ངོ་། །ཡར་བ་