This page has been proofread.
༄༅། །གྱིས་འདེས་ {རོ་སྟོད་སེང་གེ་ལྟར་རྒྱང་། ཆལ་འགྱིང་པ་ལ་བོར། དྲང་སྲོང་ནི་སླའོ། །}དང་མཐུན་པ་དེ་རུ་གཙོ་བོ་དང་འཁོར་ཀྱིས་འདུག་སྟང་གིས་ཉམས་སུ་
བླང་སྟེ། དང་པོ་གཙོ་བོའི་འདུག་སྟང་ནི། ཉི་མའི་སྔ་དྲོ་ཕན་ཆད་ལ་{ཁ་སྦུབས་སུ་ཉལ། པུས་མོ་བྲང་དང་སྤྲད། རྐང་སོར་ཕྱིར་ཕུལ། གྲྭ་མོ་ས་ལ་བཅར། འགྱེད་པ་གྱེན་ལ་བརྟེན་ པའོ། །རྐང་མཐིལ་གཉིས་སར་ཕབ། ལུས་ཁྱི་ཚུག ། ལག་པ་རྡོ་རྗེ་ཁུ་ཚུར་བཅང་སྟེ་རྐང་པའི་མཐེ་བོང་རྩར་ཕབ།} ལུས་གླང་པོ་ཆེའི་འདུག་སྟང་སྟེ་ཁ་སྦུབ། མིག་ལོངས་སྐུ་ལ་ལྟ་ ལྟང་སྟེ། ཐད་ཀར་ཧ་རེ་ལྟ་ཞིང་གཡོན་དུ་ཁྲིད་དོ། །ཉིན་གོང་ལ་ལུས་སེང་གེའི་འདུག་སྟང་བྱ་ཞིང་མིག་ཆོས་སྐུ་ལ་ལྟ་སྟང་ཡར་གྱེན་ལ་བཟློག་ལ་ལྟའོ། ། ཉི་མ་ནུབ་ཁའི་དུས་སུ་ལུས་དྲོང་སྲོང་གིས་འདུག་ལྟང་བྱ་ལ་མིག་སྤྲུལ་སྐུ་ལ་བལྟས་པའི་ལྟ་སྟང་སྟེ་མཐུར་དུ་དབབ་ལ་ལྟའོ། །དེ་གསུམ་ནི་གཙོ་བོའི་འདུག་
སྟང་སྟེ། རྟེན་འབྲེལ་ལུས་ཀྱི་གནད་ཆུན་པ་ལ་ཟབ་བོ། །དེ་ནི་འཁོར་གྱིས་འདུག་སྟང་གིས་ཉམས་སུ་བླང་ཚུལ་སྟོན་སྟེ། {དང་པོ་གྱེན་ལ་བལྟས་པས་སྐུ་