This page has been proofread.
༄༅། །དེ་རྣམས་ཀྱིས་སྔོན་འགྲོའི་བསྐོར་སོང་ངོ་། །དོན་གཉིས་པ་གནད་གཙོ་བོ་མངོན་གསུམ་རང་ཐོགས་ཀྱི་ཉམས་ལེན་ལ་གཉིས་དེ། ཉིན་
སྣང་ཉི་མའམ་དངོས་པོ་དང་བའི་རྫས་གཅིག་ལ་བརྟེན་ནས་ཉམས་སུ་བླང་བ་དང་། མཚན་སྣང་མུན་པའི་ཁང་བུ་བསྟན་སྟེ་ཉམས་སུ་བླང་བའོ། །དང་པོ་ནི། འདུ་ཤེས་རྟོག་པ་འགགས་ཕྱིར་ལུས་འདུག་སྟང་གིས་གནད་དོན་དུ་གཉེར་བ་དང་། མངོན་སུམ་བློ་འདས་རང་སྣང་རང་ཞལ་མཇལ་བའི་ཕྱིར་ལུས་སེམས་ངག་གིས་ བྱ་བ་བཏང་ཚུལ་ལོ། །དང་པོ་ལུས་ཀྱི་འདུག་སྟང་ནི་སྔོན་སངས་རྒྱས་ཤཱཀྱའི་དབང་པོ་ཞལ་བཞུགས་པའི་དུས། གཡས་ཤ་རིའི་བུ། གཡོན་མོའུ་འགལ་གྱིས་ བུ༑ དབུ་སྟེང་གིས་གཙུག་ཏོར། འོག་གིས་སྤྱན་གཟིགས་རྡོ་རྗེ། མདུན་ཐད་ཀའི་འཁོར་ཚོགས་དང་དེ་རྣམས་ལ། དུས་ཕྱི་འབྱུང་གིས་གསང་སྔགས་ཀྱི་
ཆོས་དོན་མཐར་ཐུག་ཟབ་པའི་གནད་རྣམས་ལུས་འདུག་སྟང་གིས་གནད་ལ་ཡོད་པར་དགོངས་ནས། གཟིགས་སྟང་གིས་རྣམ་འགྱུར་རྣམས་མཛད་ཏེ་ཚུལ་