This page has been proofread.
བརྟུལ་ཞུགས་གིས་སྤྱོད་པ་ལ་བསླབ་པའོ། །དང་པོ་ནི། སྐྱིལ་དཀྲུང་མཉམ་བཞག་དྲང་པོར་བསྲོང་ལ་མིག་སྣ་རྩེར་ཕབ་ལ་འདུག་གོ །གཉིས་པ་ནི་
ལུས་འདུག་སྟང་འདྲ་བ་ལ། མིག་ཐད་ཀར་ཧ་རེ་ལྟའོ། །གསུམ་པ་ནི་ལྷ་ཁྲོ་བོའི་འགྱིང་སྟང་སྟེ། གཡས་བསྐུམ་གཡོན་བརྐྱང་ཕྱག་གཉིས་གྲི་གུག་དང་ཐོད་ ཁྲག་བསྣམས་པ། ཞལ་གདངས་མཆེ་བ་གཙིགས་པ་དེ་ལྟ་བུའི་སྟང་སྟབ་བྱའོ། །བཞི་པ་ནི། བརྟུལ་ཞུགས་ལས་རུང་གིས་སྤྱོད་པ་སྟེ། སེང་གེའི་འགྱིང་ སྟང་། སྟག་མོའི་རྒྱུག་སྟང་། བྱ་རྒོད་ཀྱིས་དབང་སྟང་། འབུ་སྲིན་གྱིས་མདུར་སྟང་རྣམས་བསླབ་སྟེ། ནན་ཏན་དུ་བྱའོ། །དེ་རྣམས་གང་བྱས་ཀྱང་འདུག་སྟང་ གིས་རྣམ་འགྱུར་དེ་དང་ལྡན་པའི་ངང་ལས། རྩོལ་མེད་རང་ལུགས་རྣལ་དབབ་ཀྱིས་དོན་དང་འཕྲོད་པ་གལ་ཆེའོ། །དེ་ནི་དངོས་ཀྱི་འདུག་སྟང་དང་ལྡན་པས་
མངོན་གསུམ་ཉམས་སུ་བླང་བའི་ཚེ། གཞི་དོན་རང་སྣང་གིས་ཡེ་ཤེས་ལ། ཞན་སྣང་གཉིས་འཛིན་ཀྱིས་དྲི་མས་གོས་མི་ཤོར་བའི་དགོས་པ་ཡོད་དོ། །