This page has been proofread.
བགྲོད་རྩོལ་ལ་ལྟོས་དགོས་ཚུལ་དང་། ས་འོག་ནས་གོང་དུ་འཕར་སྟེ། ད་བཟོད་ཕྱི་དུས་སུ་སའི་ཡོན་ཏན་མ་ལུས་པ་ཡོངས་སུ་རྫོགས་
སྟེ། འབྲས་བུ་སངས་རྒྱས་ཚུལ་བཤད་པ་དེ་རྣམས་ཀྱི་གཉེན་པོར་བཀའ་སྩལ་ཏོ། །དེ་ཡང་ཅི་ལྟར་ཞེ་ན། རྒྱུ་མ་ནོར་བ་དང་། རྐྱེན་ངེས་པ་སྟེ། རྒྱུ་རྐྱེན་ ཕུན་སུམ་ཚོགས་པའི་ལམ་རྣམ་དག་གིས་རིམས་པ་བརྩོན་ནས། ད་བཟོད་ཕྱི་དུས་སུ་འབྲས་བུ་ངེས་ལེགས་ཐམས་ཅད་མཁྱེན་པ་ཡོན་ཏན་རྨད་དུ་བྱུང་བ་ངོ་ མཚར་བ་ཐོབ་བོ། །ཞེས་བློ་བྲོད་པ་བསྐྱེད་པའི་ཕྱིར་གསུངས་སོ། །དེའི་ཚེ་འབྲས་བུ་ཨེ་ཐོབ་ཀྱི་རེ་རྩོལ་དེས། རྩོལ་མེད་བློ་འདས་ཀྱི་དོན་དང་འགལ་བ་ལ་ དགོངས་སྟེ། རྫོགས་པ་ཆེན་པོ་ས་ལམ་ཀྱི་ཡོན་ཏན་ཐམས་ཅད་ཡེ་ནས་རྫོགས་ཟིན་པས། ཨི་ཐོབ་ཀྱི་རེ་རྩོལ་དང་བྲལ་སྟེ། རྫོགས་པ་ཆེན་པོ་ས་
གཅིག་པ་ཞེས་གསུངས་སོ། །དེ་ཡང་རྒྱུད་ཀློང་གསལ་ལས། མན་ངག་རྫོགས་པ་ཆེན་པོ་ལ། །ས་ལ་སྦྱང་དུ་མེད་པ་ཡིན། །ལམ་ལ་བསྒྲོད་དུ་