This page has been proofread.
སྤང་གཉན་ཀྱིས་ཞན་པ་དེ་གཉིས་སྤང་བའི་ཕྱིར། སྣང་སྟོང་ཟུང་འཇུག་གམ། སྤང་གཉེན་དབྱེར་མེད་པའི་དོན་མན་ངག་ཕྱག་རྒྱ་ཆེན་པོ་ཟུང་འཇུག་(གིས་,གི་ཆོས་
རྣམས་བཀའ་སྩལ་ཏོ། །དེ་ཡང་གུ་གུ་རི་པས། དངོས་པོར་ལྟ་བ་ཕྱུག་དང་མཚུངས། །དངོས་མེད་དེ་བས་ཀྱང་ནི་བླུན། །དུག་སྦྲུལ་ཤི་ན་དར་རྒྱ་ཀན། ། དེས་ན་ཕྱག་རྒྱ་ཆེན་པོ་བསྟེན། །ཅེས་གསུངས་པའི་ཕྱིར་དགོས་ཆེད་ལ་ལྟོས་ན་ཕྱག་རྒྱ་ཆེན་པོ་ཟུང་འཇུག་གིས་ཆོས་ཞེས་གསུངས་སོ། །དོན་དུ་ན་སྤང་གཉན་ གཉིས་དང་བྲལ་བའི་དོན་རང་བྱུང་བློ་འདས་ཀྱི་སྐད་ཅིག་མ་གདོད་མ་ནས། གཟུང་འཛིན་གཉིས་སྣང་གིས་གོས་མ་མྱོང་བ་ལ་དགོངས་སོ། །ཅི་སྐད་དུ། སློབ་ དཔོན་དཔལ་དབྱངས་གིས། མི་མཐུན་པ་དང་གཉེན་པོ་དབྱེར་མེད་དོན། །གང་གིས་ཤེས་ན་རྩོལ་བ་ཀུན་སྤང་སྟེ། །བཏང་སྙོམས་མ་བསྒོམ་རང་སར་
བཞག་པས་ན། །ཐ་སྙད་ཙམ་དུ་བསྒོམ་ཞེས་དེ་ལ་བྱ། །ཅེས་སོ། །རྫོགས་པ་ཆེན་པོའི་བློ་དམན་པ་རྣམས་དྲང་བའི་ཕྱིར། ལམ་ལྔ་རིམ་འཇུག་གིས་