This page has been proofread.
༄༅། །གཞན་གང་ནས་ཡང་མེད་པར་དགོངས་སྟེ། གཟུགས་ནས་རྣམ་མཁྱེན་ཀྱི་བར་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །ཞེས་གསུངས་སོ། །དེ་
ཡང་། གལ་ཏེ་ང་ལ་དམ་བཅའ་ཡོད། །དེ་ཚེ་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཅེས་པའི་དོན་ནོ། ། ཚུལ་དེ་ལྟ་བུའི་དགོངས་པ་ལ་ངེས་པའི་ཤེས་རབ་མ་བརྙེད་པའི་བློ་དམན་པ་དག །སྟོང་པ་ཐལ་དྲག་ཀྱི་གྲུབ་མཐར་སོང་སྟེ། ནད་ཀྱིས་གཉེན་པོར་སྨན་ བཏང་བའི་ཚེ། སྨན་རང་མ་ཞུ་བར་ནད་དུ་ལྡང་བ་བཞིན་ནོ། །དེའི་ཕྱིར་དངོས་པོར་ཞན་པ་དང་། དེའི་གཉེན་པོར་ཞན་པ་གཉིས་ཀྱི་བློ་ལས་མ་འདས་ པ་སྟེ། དཔལ་ས་ར་ཧས། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐང་། །ཅེས་པ་དང་། སློབ་དཔོན་ཞི་བ་ལྷས། སྟོང་ཉིད་བག་ཆགས་གོམ་པ་ནི། །
དངོས་པོའི་བག་ཆགས་སྤང་གྱུར་ཞིང་། །ཅི་ཡང་མེད་ཅེས་གོམས་པ་ནི། །ཕྱིས་ནས་དེ་ཡང་སྤངས་བར་འགྱུར། །ཞེས་གསུངས་པས། སྣང་སྟོང་