This page has been proofread.
༄༅། །བཟུང་ཞིང་གནས་པའི་ཐབས་ལ་བརྩོན་ཀྱང་། གནས་བྱེད་ཀྱིས་མཁན་པོ་དེ་རང་འཕྲོ་བའི་རྒྱུར་སོང་སྟེ། ཅི་བྱེད་ཅིས་ཀྱང་གནས་སུ་མ་བཏུབ་
པའི་སྐབས་ལ་སུན་ཁུར་སྟེ། སླར་རང་ལམ་ལ་འཇུག་པའི་མི་འདོད་པའི་སྐྱོན་འོང་བ་ལ། ཐུན་མོངས་མ་ཡིན་པའི་སྐབས་འདིར་རང་ཐོགས་དུ་མི་གནས་ པའི་རྒྱུ་སེམས་ཀྱི་བགས་ཆགས། རྐྱེན་ལུས་ངག་ཀྱི་ཆེད་རྩོལ། འབྲས་བུ་སྐད་ཅིག་ཀྱང་རང་ཐོགས་དུ་མི་སྡོད་པར་ཡུལ་གཞན་སྣང་གཅིག་ལས། ཛ་ལང་ ལང་འཕྲོ་བའོ། །དེ་ལྟར་འཕྲོ་བའི་རྟོག་པ་དེ་རང་མལ་དུ་བཞག་པའི་ཚེ་མི་སྡོད་པར་འཕྲོ་ན། སླར་ལུས་ངག་ཡིད་གསུམ་ཨར་ལ་གཏད་ཅིང་། རུ་ཤན་དབྱེ་ སྟེ། གཉུག་མ་ཀ་དག་བློ་འདས་ཀྱིས་དོན་ངོ་བོ་རང་ཐོག་དུ་ངོ་སྤྲད་པའོ། །དེ་ཡང་ལུང་སྟོང་ངམ་རི་ཁྲོད་དབེན་པའི་གནས་གཅིག་དུ་དཔོན་སློབ་གཉིས་ཀྱང་
ཚོགས་སྟེ། ཐབས་སྣ་ཚོགས་ཀྱིས་ཐུགས་མཉེས་པའི་བླ་མ་དེའི་མདུན་དུ། སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་བྱས་ཏེ། རྣམ་རྟོག་ཡུལ་ལ་འཕྲོ་བའི་རྐྱེན་