Jump to content

Page:སྙན་བརྒྱུད་ཁྲིད་ཆེན་བཅུ་གསུམ་གྱི་སྐོར། པོད་དྲུག་པ།.pdf/4

From Wikisource
This page has been proofread.
ལ་གུས་ཕྱག་འཚལ། །ལྷན་སྐྱེས་ཡེ་ཤེས་ངང་ལས་མ་གཡོས་ཀྱང་། །ས་སྟེང་འདི་ན་གདུལ་བྱ་སྨིན་གྲོལ་ཕྱིར། །སྤྲུལ་

པའི་སྐུ་མཆོག་མ་ཅིག་ཞབ་‚ལབ་སྒྲོན་ཞེས། །ཡེ་ཤེས་མཁའ་འགྲོ་མ་ལ་གུས་ཕྱག་འཚལ། །གཅོད་གཞུང་ཁྲིག་‚ཁྲིགས་ཆགས་ ཁྲིགས་མེད་ཁ་འཐོར་དོན། །གཞན་ལ་ཕན་སེམས་ལྡན་པས་བརྗོད་མིན་ཀྱང་། །རང་གིས་རང་ཁའི་བརྗེད་པ་སྤང་བའི་ཕྱིར། ། ཕྱོགས་ཙམ་གོ་ནས་ཟུར་ཙམ་སྡེབ་པ་ལ། །གཅོད་བརྒྱུད་རྟོགས་ལྡན་མཁས་རྣམས་མི་བཀྱོན་ཞུ། །དུས་གསུམ་སངས་ རྒྱས་ཐམས་ཅད་བསྐྱེད་པར་བྱེད་པའི་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་པ། དམ་ཆོས་བདུད་ཀྱི་གཅོད་ཡུལ་

འདི། སྤྱིར་ཆོས་པའི་ཤན་འབྱེད་རྟོགས་པའི་བོག་‚བོགས་འདོན། ལྷ་འདྲེའི་དབང་བསྡུད། དངོས་གྲུབ་རྣམ་གཉིས་འབྱུང་བའི་ནོར་བུ་