This page has been proofread.
ལྡན་སེང་གེ་མཆོད་བྱས་ལྷ་དབང་ཀླུ་དང་མི་ཡི་དབང་པོས་ཕྱག་བྱས་ཞབས། །བདུད་ཀྱི་བུ་མོས་ཟུར་མིག་བལྟ་བས་གང་ཞིག་མི་གཡོ་ཏིང་འཛིན་རི་ལྟར་བརྟན། །དཔའ་བོའི་མཚོན་གྱིས་མི་བསྙིལ་ཅོད་པན་གྱིས་གཏུགས་དབང་ཆེན་རྣམས་ལ་མགོས་ཕྱག་ འཚལ། །དེ་ལྟར་བཅོམ་ལྡན་འདས་ལ་བདག་གིས་མངོན་པར་བསྟོད་པ་བགྱིས་པ་ལས། །བདག་གིས་དགེ་བ་གང་བསགས་དེས་ནི་འགྲོ་ཀུན་སངས་རྒྱས་མྱུར་འགྲུབ་ཤོག། །།ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཚན་ལ་བསྟོད་པ་སྙན་དངགས་མཁན་ཆེན་པོ་ སློབ་དཔོན་མ་ཏི་ཙི་ཊས་མཛད་པ་རྫོགས་སོ།།