Jump to content

Page:མཆོད་རྟེན་གྱི་ཆོ་ག་ཞེས་བྱ་བ།.pdf/2

From Wikisource
This page has been proofread.

གིས་བྱིན་གྱིས་བརླབས་ཏེ། ཨོཾ་དེ་པ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བའམ། ཨོཾ་ཨཱཿཧྲཱི་ཧཱུཾ། ཞེས་པའི་སྔགས་དེ་དག་གིས་གདབ་པར་བྱའོ། །མཆོད་རྟེན་རེ་རེ་ཡང་ཀྱཻ་རྡོ་རྗེ་རེ་རེར་བསམས་ལ། དེ་རེ་རེ་ལ་ཡང་ཀྱཻ་རྡོ་རྗེ་དུ་མ་འཕྲོ་བ་དང་། འདུ་བྱས་པ་ལས་བདག་དང་ གཞན་གྱི་དོན་རྫོགས་པར་བསམ་མོ། །དེ་ནས་རྟེན་འབྲེལ་གྱི་སྙིང་པོས་རབ་ཏུ་གནས་པ་དང་མཇུག་བསྡུ་བར་བྱའོ། །མཆོད་རྟེན་གྱི་ཆོ་ག་ཞེས་བྱ་བ་སློབ་དཔོན་ཆེན་པོ་ནག་པོ་ཞབས་ཀྱིས་མཛད་པ་རྫོགས་སོ།། །།སྒྲ་པ་ཆེན་པོ་རྒྱལ་བའི་སྙན་བཟང་པོ་ལས་མཉན་ཏེ། ལོ་ཙ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་དཔལ་ཐར་པ་གླིང་གི་གཙུག་ལག་ཁང་ཆེན་པོར་ལེགས་པར་བསྒྱུར་བའོ།།