རྟེན་པའི་སྨྲ་བའི་ཚུལ་ལོ། །ཡང་ན་གང་གི་ཕྱིར་ལས་ལ་ནུས་པ་ཡོད་པའི་རྒྱུས་འཁྱལ་བ་དང་། འཆིང་བ་དང་བརྡེག་པ་ལ་སོགས་པས་གཞན་དག་ཕ་རོལ་པོས་གནོད་པ་བྱེད་གཟིར་བར་བྱེད་པའོ། །གལ་ཏེ་དེ་ལྟ་ཡིན་ན་ཡང་ཕྱིར་བཅོས་པར་རིག་པ་མ་ཡིན་ནམ་ཞེ་ན། ཐམས་ཅད་ ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡུག་བསྔལ་གྱི་རྒྱུ་ཐམས་ཅད་ལས་ཀྱི་རྐྱེན་གྱིས་བསྐྱེད་ཅིང་རབ་ཏུ་འཇུག་པ་ཡིན་ཏེ། དེ་ལྟ་ན་དེའི་འབྲས་བུ་བཟློག་པའི་དོན་དུ་འདི་ལ་གཞན་དུ་བདག་གིས་བྱར་ཅི་ཡོད་སྟེ། འབྲས་བུ་བསྐྱེད་པ་ལ་ཕྱོགས་པའི་ལས་ལ་གང་གིས་ཀྱང་བཟློག་པར་མི་ནུས་ པའི་ཕྱིར་རོ། །ཡང་འདིར་རིགས་པའི་ཚུལ་འདི་ཡིན་ནོ་ཞེས། དེ་ལྟར་མཐོང་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་འདི་དག་ནི་ལས་དང་ཉོན་མོངས་པ་ལ་རག་ལས་པ་སྟེ་གནས་པའོ། །ཕན་ཚུན་དུ་མི་རིགས་པའི་ལས་བྱེད་པ་རྣམས་བཟློག་པར་མི་ནུས་སོ་ཞེས་དེ་ལྟར་ རྟོགས་ནས་ཏེ་ཤེས་ནས་ཡང་བསོད་ནམས་དག་དགེ་བའི་ལས་རྣམས་ལ་དེ་ལྟར་བདག་གིས་བསྒྲིམས་ཏེ་བྱ་སྟེ། གང་གིས་རྣམ་པ་དེ་ལྟ་བུའི་ནུས་པ་ཐོབ་པར་བྱས་ནས་ཡང་དག་པའི་ལམ་དུ་ཞུགས་པར་གྱུར་པ་ན་ཐམས་ཅད་ཕན་ཚུན་གཅིག་ལ་གཅིག་བྱམས་པའི་སེམས་དང་ཕན་པ་དང་བདེ་བ་ བསྒྲུབ་པ་ལ་བརྩོན་པར་འགྱུར་བའི་རྣམ་པ་དེ་ལྟ་བུས་བརྩོན་འགྲུས་བརྩམ་མོ། །ཕངས་པའི་དངོས་པོ་འཇོམས་པར་བྱེད་པ་ལ་གནོད་པའི་སེམས་ལས་བཟློག་པར་བྱ་བའི་ཆེད་དུ་འཇིག་རྟེན་པའི་དཔེ་བརྗོད་པས་ཞེ་སྡང་ལས་ལྡོག་པར་བྱའོ་ཞེས་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་པ།
དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ཁྱིམ་གཅིག་ན་མེས་ཚིག་པར་གྱུར་པ་ན། ཁྱིམ་དེ་ནས་ཁྱིམ་གཞན་དུ་མེ་སོང་ནས་གང་ན་རྩྭ་དང་ཤིང་ལ་སོགས་པ་ལ་མཆེད་པར་བྱེད་པ་འཕེལ་བར་འགྱུར་བ་ན་དེའི་ནང་དུ་ཆུད་པའི་རྫས་གཞན་དག་ཀྱང་ཚིག་པར་དོགས་པས།Page:བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ།.pdf/167
Appearance