ལ་སོགས་པ་གསུངས་ཏེ། རྙེད་པའི་དོན་དུ་ནི་རྙེད་པའི་རྒྱུ་མཚན་དུའོ། །དེའི་བར་ཆད་བྱེད་པ་ལ་ཞེ་སྡང་བྱེད་ན་ལེགས་པར་སྤྱད་པ་ཉིད་ཟད་པར་འགྱུར་ཏེ། གང་། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེར་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། ། ཞེས་བྱ་བ་གསུངས་པའོ། །ཁྱད་པར་ནི་འདི་ཡིན་ཏེ། བཟོད་པ་མ་ཡིན་པ་ལས་བྱུང་བ་སྡིག་པའི་ཕུང་པོ་མངོན་པར་འཕེལ་བའོ། །ཇི་སྟེ་འདི་ལྟར་ཇི་ཞིག་ལྟར་དུས་ཡུན་རིང་པོ་དེ་སྲིད་དུ་རྙེད་པས་འཚོ་བར་འགྱུར་ན་དེ་ཙམ་ཞིག་བདག་གི་དགོས་པ་ཡིན་ནོ་ཞེ་ན། གང་གི་དོན་དུ་ཞེས་བྱ་བ་ལ་ སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་སེམས་ཅན་ངན་ངོན་གྱི་འཚོ་བ་དགོས་པ་མེད་པ་ཉིད་འདོད་པར་བྱ་བ་ནི་མ་ཡིན་ཏེ། འོན་ཀྱང་ཚོགས་མངོན་པར་འཕེལ་བར་བྱ་བའི་དོན་དང་། སྡིག་པ་ཟད་པར་བྱ་བའི་དོན་དུ་གལ་ཏེ་དེ་ལེགས་པར་སྤྱད་པ་ཟད་པར་བྱེད་པའི་རྒྱུ་ མཚན་དུ་འགྱུར་ན། དེའི་ཚེ་མི་དགེ་བ་འབའ་ཞིག་གི་ལས་བྱེད་པའི་ངང་ཚུལ་ཅན་དེས་ཀོ་སྟེ་དེ་འདྲ་བས་ཅི་ཞིག་བྱ།། །།བམ་པོ་བཅུ་པ། དེ་ནི་སྨད་པ་ཉིད་ཡིན་ནོ་སྙམ་དུ་དགོངས་པའོ། །འོ་ན་དེ་ལྟ་མོད་ཀྱི་རྙེད་པའི་བར་ཆད་བྱེད་པའི་ཕྱིར་བདག་ལ་བསྔགས་པ་ མ་ཡིན་པར་སྨྲ་བ་རྣམས་ལ་ཁོང་ཁྲོའི་སེམས་སྐྱེ་བ་ནི་མ་ཡིན་ཏེ། འོན་ཀྱང་ཡོན་ཏན་འཆབ་པ་ལ་སོགས་པའི་ལས་ཀྱི་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་རོ་ཞེ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་སྙན་པ་སྨྲ་བ་ནི་གྲགས་པ་མ་ཡིན་པ་བརྗོད་པའོ། །གལ་ཏེ་
ཁྱོད་ཀྱི་ཁྲོ་བ་གང་ཡིན་པ་འདི་མི་སྙན་པ་སྨྲ་བ་དེ་སྐྱོན་གསལ་བར་བྱེད་ཅིང་ཡོན་ཏན་འཆབ་པར་བྱེད་པའི་ཕྱིར་ཁྱོད་ཉམས་པར་བྱེད་ཅིང་སུན་འབྱིན་པར་བྱེད་པའོ་སྙམ་དུ་རིག་ནས་དེའི་རྒྱུ་མཚན་གྱིས་སམ། ཡང་ན་སེམས་ཅན་དེ་འཇིག་རྟེན་ཉམས་པར་བྱེད་པ་མི་སྙན་པར་སྨྲ་བས་བདག་ལ་Page:བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ།.pdf/163
Appearance