Jump to content

Page:བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ།.pdf/162

From Wikisource
This page has been proofread.
༄༅། །པ་ཡིན་ནོ་ཞེས་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་པ། རྨི་ལམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་འགའ་ཞིག་རྨི་ལམ་དུ་ལོ་བརྒྱར་བདེ་བ་མྱོང་བ་རྨིས་ཏེ་སད་པ་དང་། གཞན་ཞིག་སྐད་ཅིག་ཙམ་དུ་སྟེ། དེ་དེ་ཙམ་ཞིག་ཏུ་བདག་ཉིད་བདེ་

བར་གྱུར་པར་རློམ་སྟེ། འདི་དག་གཉི་ག་ལ་ཡང་རྨི་ལམ་དུ་བདེ་བ་མྱོང་བར་རྨིས་པ་སད་པར་གྱུར་པ་ན་རྨིས་པའི་བདེ་བ་ཞིག་པ་དེ་ནི་ཕྱིར་འོང་བ་མེད་དོ། །སད་པའི་གནས་སྐབས་ན་རྗེས་སུ་འབྲང་བ་མེད་དེ། དྲན་པ་ཙམ་ཞིག་ལས་མ་ལུས་པ་ཡིན་པའི་ཕྱིར་རོ། །དེ་འདྲར་ཟད་ན་ནི་རྨི་ ལམ་དུ་རྨིས་པ་བཞིན་དུ་སྐྱེས་བུའིའོ། །འཆི་བའི་དུས་ན་ནི་འཆི་བའི་ཚེ་ནའོ། །ཚེ་རིང་བ་དང་ཚེ་ཐུང་བའི་བདེ་བ་ནི་ཕྱིར་མི་འོང་བ་ཡིན་ཏེ། དེ་བས་ན་ལོག་པའི་འཚོ་བ་ཞོག་ཅིག །འདི་དག་གིས་ཀྱང་རྙེད་པ་དང་མ་རྙེད་པ་ལ་ཁྱད་པར་འགའ་ཡང་མེད་དོ་ཞེས་བསྟན་པ། རྙེད་པ་ཞེས་བྱ་ བ་ལ་སོགས་པ་གསུངས་ཏེ། རྙེད་པ་མང་པོ་ནི་ཤིན་ཏུ་བུངས་ཆེ་བའོ། །འཐོབ་གྱུར་ཀྱང་ནི་ཐོབ་ནས་དུས་ཡུན་རིང་པོར་ལོངས་སྤྱད་པའི་བདེ་བ་དག་ཀྱང་ངོ་། །ཡང་འཆི་བ་ལ་བརྟེན་ནས་ལག་པ་སྟོང་པ་སྟེ་ལག་སྟོངས་སུའོ། །རྙེད་པ་ལ་སོགས་པ་དེ་དག་ལས་རྒྱགས་མ་བཟུང་ ཞིང་བདེ་བ་ལས་ལྷག་མ་ཅུང་ཟད་ཀྱང་གནས་པ་མེད་དེ། རྐེད་པའི་སྲད་བུ་ཙམ་ཡང་མ་ལུས་པས་སྒྲེན་མོ་སྟེ། ཆོམ་པོས་ཕྲོགས་པ་བཞིན་དུ་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འགྲོ་རྙེད་པ་ལ་ནི་ཁྱད་པར་ཡོད་པ་ཉིད་མ་ཡིན་ནམ། ཆོས་གོས་ལ་སོགས་པའི་གེགས་མེད་པས་ཚེའི་ དུས་བྱེད་ཉེ་བར་སྟོན་པ་ལས་ཡུན་རིང་པོར་འཚོ་བར་འགྱུར་ཏེ། དེས་ན་ནི་སྔར་བྱས་པའི་སྡིག་པ་དག་རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་ལ་སོགས་པས་ཡོངས་སུ་ཟད་པར་བྱ་བ་དང་། བསླབ་པ་སྡོམ་པ་ཡོངས་སུ་བསྲུང་བས་བྱང་ཆུབ་ཀྱི་སེམས་བསྟེན་པ་ལ་སོགས་པ་དང་། དགེ་

བའི་ཕྱོགས་འཕེལ་བར་བྱ་སྟེ། གང་། ཆོས་ལ་སྤྱོད་པ་ཇི་སྲིད་ཡུན་རིང་འཚོ། །དེ་སྲིད་དགེ་བའི་རྒྱུན་ནི་རབ་ཏུ་འཕེལ། ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་རྙེད་པའི་བར་ཆད་བྱེད་པ་ལ་ཁྲོ་བར་རིགས་པ་ཡིན་ནོ་སྙམ་དུ་དོགས་པ་ལ། གལ་ཏེ་རྙེད་པས་ཞེས་བྱ་བ་