ཉེས་པ་དེ་ནི་དུ་བ་ཉིད་ཀྱི་ཉེས་པར་རིགས་ཏེ། རང་བཞིན་གྱིས་ཡོངས་སུ་དག་པའི་ནམ་མཁའ་ལ་ནི་མ་ཡིན་ནོ། །དེ་བས་ན་ཉེས་པ་རྣམས་ལ་ཁྲོ་བར་རིགས་ཀྱི་སེམས་ཅན་རྣམས་ལ་ནི་མ་ཡིན་ནོ། །གཞན་ཡང་སྡུག་བསྔལ་གྱི་རྒྱུ་གཙོ་བོ་གང་ཡིན་པ་དེ་ལ་ཁྲོ་བ་རིགས་པར་འགྱུར་ གྱི་གཙོ་བོ་མ་ཡིན་པ་ལ་ནི་མ་ཡིན་ནོ་ཞེས། དབྱུག་པ་ལ་སོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་མ་བསྒོམས་པའི་ལུས་ལ་དབྱུག་པ་བརྡེགས་པས་སྡུག་བསྔལ་འབྱུང་བ་དེ་བས་ན་དབྱུག་པ་ཉིད་སྡུག་བསྔལ་གྱི་རྒྱུ་དངོས་ཡིན་པས་དེ་ཉིད་ལ་ཁྲོ་བར་རིགས་སོ། །འོན་ ཏེ་གཞན་གྱིས་འཕངས་པ་ཡིན་པས་དབྱུག་པ་ལ་སོགས་ལ་ཉེས་པ་ཅི་ཡོད་ཅེ་ན། དེའི་ཕྱིར་འཕེན་པར་བྱེད་པ་ཉིད་ཉེས་པ་ཅན་དུ་འགྱུར་རོ། །འོ་ན་དེ་ལྟར་ན་དེ་ཡང་དབྱུག་པ་བཞིན་དུ་ཞེ་སྡང་སྦོད་པར་བྱེད་པས་སྦད་པས་ཞེ་སྡང་ལ་བདག་ཁྲོ་བར་རིགས་ཀྱི། སྦད་པ་ལ་ནི་མ་ཡིན་ནོ། ། གཞན་ཡང་བདེ་བ་དང་། སྡུག་བསྔལ་ལ་མ་གཏད་པ་ནི་འགའ་ཡང་ལོངས་སྤྱོད་པར་མི་བྱེད་དོ་ཞེས་རྣམ་པར་བསམས་ལ། གཞན་གནོད་པ་བྱེད་ཀྱང་དེ་ལ་སེམས་ཁྲོ་བར་མི་བྱའོ་ཞེས། བདག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བདག་གིས་ཀྱང་ཚེ་ རབས་སྔ་མ་གཞན་ལ་སེམས་ཅན་རྣམས་ལ་རྣམ་པ་འདི་ལྟ་བུས་གཟིར་བར་བྱས་པ་དེའི་ཕྱིར་བུ་ལོན་འཇལ་བའི་རིགས་པས་བདག་ལ་གནོད་པ་བྱེད་པར་རིགས་པ་ཉིད་ཡིན་ཏེ། གནོད་པ་དེ་ནི་བདག་གི་ལས་ཀྱི་འབྲས་བུ་སྨིན་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། གང་ཞིག་
གང་གི་རྒྱུ་ཡིན་པ་དེ་ལས་དེ་འབྱུང་སྟེ། གཞན་ལས་ནི་མ་ཡིན་ནོ་ཞེས་བརྟག་ཅིང་གཞན་གནོད་པ་བྱེད་པ་ཇི་མི་སྙམ་པར་ཞེས་བསྟན་པ། དེའི་མཚོན་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུའི་ཚོགས་པ་མ་ཚང་བ་མེད་པ་ནི་འབྲས་བུ་ཐམས་ཅད་ཀྱི་རྒྱུ་ཡིན་ནོ་Page:བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ།.pdf/156
Appearance